དབྱངས་སྙན་མོ།
༡བདག་ཡིད་ཀྱི་གུར་ཁང་ན་བཞུགས་པ་ཡི།
ཤེས་རབ་ཀྱི་ལྷ་མོ་དབྱངས་ཅན།
མཆོད་པ་ཉིད་ལ་བསྒྲོན་ཡོད།
ངག་གི་དངོས་གྲུབ་ང་ལ་གནོངས་དང་།
ང་ནི་གླུ་ལ་དགའ་བའི།
མི་ཡུལ་གྱི་མགྲོན་པོ་ཞིག་ཡིན།
དབྱར་ལ་ཁུ་བྱུག་སྙན་པ་ལྷ་མོའི་བྱིན་རླབས་ཨེ་ཡིན།
ངག་དབང་དབྱངས་ཅན་ལྷ་མོ།
ཚིག་ལ་གཏམ་རྒྱུད་འཁྲུངས་ནས་ལོ་མང་སོང་།
དབྱངས་ཀྱི་རྨི་ལམ་ཉིད་ལ་འཁྲེངས་ཡོད།
མགྲིན་ལ་དངོས་གྲུབ་སྩོལ་ཅིག
མཚོ་བྱུང་མ་ཚངས་པའི་སྲས་མོ།
༢དུས་གསུམ་གྱི་སྒོ་མོ་ན་བཞུགས་པ་ཡི།
ཡིད་འོང་གི་ལྷ་མོ་དབྱངས་ཅན།
སྨོན་ལམ་ཉིད་ལ་བཏབས་ཡོད།
ངག་གི་དབང་ཕྱུག་ཡིད་ལ་སྩོལ་དང་།
ང་ནི་གླུ་ལ་དགའ་བའི།
མི་ཡུལ་གྱི་མགྲོན་པོ་ཞིག་ཡིན།
སེམས་ཅན་དབྱངས་ལ་ཆགས་པ་ལྷ་མོའི་ཐུགས་དགོངས་ཨེ་ཡིན།
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག
ཡིད་ལ་དད་པ་སྨིན་ནས་ལོ་མང་སོང་།
དད་པའི་ལས་འབྲས་སེམས་ལ་ཉར་ཡོད།
ངག་གི་དབང་ཕྱུག་སྩོལ་ཅིག
དབྱངས་ལྡན་མ་ཡིད་ཀྱི་ལྷ་མོ།
ངག་གི་དབང་ཕྱུག་སྩོལ་ཅིག
དབྱངས་ལྡན་མ་ཡིད་ཀྱི་ལྷ་མོ།