作词 : 罗藏加措
作曲 : 罗藏加措
དབྱར་དགུན་གཉིས་ཀྱི་གཞས།
ཚིག་དང་དབྱངས། བློ་བཟང་རྒྱ་མཚོ།
སྒྲིག་བཟོ། ཚེ་རིང་བཀྲ་ཤིས། དངོས་གྲུབ་རྒྱ་མཚོ།
གྷེ་ཐ། དངོས་གྲུབ་རྒྱ་མཚོ།
སྒྲ་ལེན་དང་སྒྲིག་སྦྱོར། ཚེ་རིང་བཀྲ་ཤིས། ཨ་ཤོ་ཀ་སྒྲ་བརྙན་ལས་སྒྲུབ་ཁང་།
དགུན་ཁ་ཞིག་ལ་ཁ་བ་བབས།
དབྱར་ཁ་ཞིག་ལ་མེ་ཏོག་བཞད།
དགུན་ཁ་དེ་ལ་ཁ་བ་བབས།
ཁྱོད་དང་ང་ཡི་སེམས་ལ་ཁ་བ་བབས།
དབྱར་ཁ་དེ་ལ་ཆར་བ་བབས།
དབྱར་ས་དགུན་ས་མེད་པར་ཆར་བ་བབས།
དགུན་ཁ་དེ་ལ་མེ་ཏོག་བཞད།
རི་ཐང་སྐྱ་མོ་ཞིག་ལ་མེ་ཏོག་བཞད།
ཁྱོད་དང་ང་ཡི་སེམས་ཆར་བ་བབས།
དབྱར་ཁ་ཞིག་ལ་ཆར་བ་བབས།
བུ་མོ་མེ་ཏོག་མ་རྙིངས་མ།
བུ་ཆུང་བུང་བ་གཞོན་ནུ།
ཁ་བ་བབས། ཁྱོད་དང་ང་ཡི་སེམས་ལ་ཁ་བ་བབས།
ཆར་བ་བབས། མེ་ཏོག་བུང་བའི་སྟེང་ལ་ཆར་བ་བབས།
ཁྱོད་རང་དུས་བཞིའི་མཚམས་ལ་རྔམ་གྱིས་རྒྱུག
ང་རང་དགུན་ཁའི་འཚུབ་རླུང་ཁྲོད་ནས་ལུས།
བུ་མོ་དབྱར་ཁར་སླེབས།
ང་རང་དགུན་དུ་ལུས།
བུ་མོར་ཆར་བ་བབས།
ང་ལ་ཁ་བ་བབས།
བུ་མོ་དབྱར་ཁར་སླེབས།
ང་རང་དགུན་དུ་ལུས།
བུ་མོར་ཆར་བ་བབས།
ང་ལ་ཁ་བ་བབས།
མེ་ཏོག་གི་འདབ་མ་ལྷུང་།
སྦྲང་མ་རླུང་གི་སྤུ་གྲིར་འཕྲད།
ཁྱོད་སར་ཆར་བ་བབས།
ང་སར་ཁ་བ་བབས།