作词 : 罗藏加措
作曲 : 罗藏加措
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
ཚིག་དང་དབྱངས། བློ་བཟང་རྒྱ་མཚོ།
སྒྲིག་བཟོ། ཚེ་རིང་བཀྲ་ཤིས།
གྷེ་ཐ། དངོས་གྲུབ་རྒྱ་མཚོ།
སྒྲ་ལེན་དང་སྒྲིག་སྦྱོར། ཚེ་རིང་བཀྲ་ཤིས། ཨ་ཤོ་ཀ་སྒྲ་བརྙན་ལས་སྒྲུབ་ཁང་།
སྨུག་པ་འཐིབས། སྨུག་པ་རི་ལུང་ཀུན་ལ་འཐིབས།
སྨུག་པ་འཐིབས། སྨུག་པ་སྒོ་ཁྱིམ་གཉིས་ལ་འཐིབས།
རླུང་གིས་དེེད་པའི་གནམ་མཁའི་སྤྲིན་པ།
ཉི་ཟེར་བསུ་བའི་ནང་གི་སྐད་ཆ།
རླུང་གིས་སྤུར་བའི་སྲོག་གི་ཁུར་མོང་།
དྲན་པ་གསོ་བའི་སྒྱུ་མའི་ལྷ་མོ།
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
སྐར་མ་གཡོ་ཙམ།ཆང་མ་འཁྱུག་ཙམ།
ཆར་ཆུས་སྤངས་བའི་ལུས་ཀྱི་ཕྱི་ནང་།
མིག་ཆུ་བཞུར་སའི་མཁུར་ཚོས་དམར་པོ།
ཆར་ཆུས་སྤངས་པའི་ཤེས་རབ་ཐ་དག
བརྩེ་བའི་བདག་མོས་ཐུགས་སུ་བཞེས་ཤིག
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
སྐར་མ། ཆང་མ།
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།
སྐར་མ། ཆང་མ།
སྐར་མ་སྐར་མ། ཆང་མ་ཆང་མ།
སྐར་མ་གཡོ་ཙམ། ཆང་མ་འཁྱུག་ཙམ།