作词 : 罗藏加措
作曲 : 罗藏加措
ཡུལ་ལ་ལོག་པའི་བྱིས་པ་མཛེས་ཤིང་སྡུག
ཚིག་དང་དབྱངས། བློ་བཟང་རྒྱ་མཚོ།
སྒྲིག་བཟོ། ཚེ་རིང་བཀྲ་ཤིས། དངོས་གྲུབ་རྒྱ་མཚོ།
གྷེ་ཐ། དངོས་གྲུབ་རྒྱ་མཚོ།
སྒྲ་ལེན་དང་སྒྲིག་སྦྱོར། ཚེ་རིང་བཀྲ་ཤིས། ཨ་ཤོ་ཀ་སྒྲ་བརྙན་ལས་སྒྲུབ་ཁང་།
ཡུལ་ལ་ལོག་པའི་བྱིས་པ་མཛེས་ཤིང་སྡུག
མགོ་བོ་ཕ་མར་བསྙེས་ཏེ་སྙིང་གཏམ་འཆད།
འདས་སོང་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་དག
གསོང་བོར་སྨྲ་བའི་ཚུལ་ཏེ་ཉམས་རེ་དགའ།
ཡུལ་ལ་ལོག་པའི་བྱིས་པ་མཛེས་ཤིང་སྡུག
ཕ་སའི་བྲང་ལ་འཐམས་ཏེ་སྙིང་གཏམ་འཆད།
གཙང་བའི་ཡུལ་དང་མཐོན་མཐིང་གནམ་མཁའ་ལ།
ལྟ་བཞིན་ལྟ་བཞིན་མཆི་མ་ས་ལ་ལྷུང་།
ཡུལ་ལ་ལོག་པའི་བྱིས་པ་མཛེས་ཤིང་སྡུག
དམིགས་པ་གཏད་དེ་ཕྱི་རོལ་སྒྲ་ལ་ཉན།
ཨ་རྩེད་བྱིས་པའི་སྒྲ་དང་གཏམ་གྱི་གདངས།
ཉན་གྱིན་ཉན་གྱིན་སྐྱིད་སྣང་བླ་ལྷག་འཕེལ།
ཡུལ་ལ་ལོག་པའི་བྱིས་པ་མཛེས་ཤིང་སྡུག
གཉེན་དང་གྲོགས་ལ་ཕན་ཚུན་འཚམས་འདྲི་ཞུས།
དྲང་བོའི་ངག་དང་སེམས་པ་གཙང་མ་ཡིས།
འཚོ་བའི་རེ་སྨོན་ཐ་དག་གསོས་སུ་བཞེས།