编曲 : 久巴
࿑ དགེ་སློབ་ཀྱི་ཁ་གཡང་།
ཚིག_____འབྱོ་མུན་རྒོལ།
དབྱངས།___ གཅོད་པ།
གཞས་པ།___གཅོད་པ། འཕུར་བསྐྱོད།
ངའི་སློབ་བུ་ཚེ་རིང་ལོ་བརྒྱ།
ཁྱོད་ཡིན་པ་གངས་རི་བོད་ཀྱི་བུ་ཕྲུག
ཁྱོས་སེམས་ལ་བཟུང་རྒྱུ་བོད་མིའི་སྲོལ་བཟང་།
བོད་ཁ་བའི་བདེ་སྡུག་གླུ་རུ་ལོངས་ཤོག
དགེ་རྒན་ལགས། ང་ཡི་དྲིན་ཆེན་དགེ་རྒན།
ཁྱོད་ནི་གངས་རིའི་ཕོ་རྒོད།
ཁྱོད་ནི་ང་ཡི་ལམ་སྟོན།
ཁྱོད་ནི་ང་ཡི་སྒྲོན་མེ།
ངའི་དགེ་རྒན་ཁ་དྲོ་བཀྲ་ཤིས།
ཁྱོད་ཡིན་པ་ཕ་བཟང་བུ་ཡི་རྒྱུད་པ།
དགེན་ཁྱེད་ནི་ཁ་བ་བོད་པའི་རྒྱན་ཡིན།
བོད་ཁ་བའི་བདེ་སྡུག་གླུ་རེ་ལེན་མཁན།
སློབ་བུ་ལགས། ང་ཡི་སློབ་བུ་བཟང་པོ།
ཁྱོད་ནི་མ་བཟང་རྒྱུད་རེད།
ཁྱོད་ནི་ང་ཡི་དཔུང་ཡ།
ཁྱོད་ནི་ང་ཡི་གཤོག་ཡ།
ངའི་ཁ་བ་གངས་ཅན་ཡུལ་ལྗོངས།
ཁྱོད་ཡིན་པ་ཤེས་རིག་བང་མཛོད་ཆེན་པོ།
ཁྱོས་མི་རིགས་འཛམ་གླིང་ཡང་རྩེ་རེད།
ཁྱོས་ལྟ་བ་འཚེ་མེད་ཞི་བདེ།
བོད་པ་ཚོ། ང་ཡི་སྙིང་གི་བོད་པ།
ཁྲི་ལོར་བརྟན་པའི་སྨོན་ལམ།
བཀྲ་ཤིས་གཡང་འབོད་བོད་ལ་བྱེད།
བཀྲ་ཤིས་ཁ་གཡང་བོད་ལ་འབུལ།