作词 : 桑多尔
作曲 : 三智才让
༈ ཁོ་མོ་དང་ངའི་ཆད་ཚིག
གཞས་ཚིག་རྩོམ་པ་པོ། སེང་རྡོར།
གཞས་གཏོང་མཁན། བྷོད་རྡོར་འཆང་།
སྡེ་ཆེན་སྡེ་བ་སྨུག་ས་སྨུག་ཡུལ་རེད།།
ཆར་ཆུ་དལ་འབབ་བྲེལ་འབབ་དཀའ་མོ་རེད།།
གླིང་ཡུལ་མྱི་ཁ་སང་ཡོང་གནངས་ཡོང་རེད།།
བྱེའུ་ཆུང་འཇོལ་མོ་གཤོག་སྣེ་གཡུ་མདོག་ཅན།།
ང་ཡིས་བལྟས་ན་ང་ཡི་རོགས་ལོ་རེད།།
རོགས་ལོ་བྱ་ལུས་ཡིན་རུང་ཡིད་འཕྲོག་གི །
ཨོ་ཧོ་ཧོ་ཧོ། ཨོ་ཧོ་ཧོ་ཧོ།
ང་ཡིས་བལྟས་ན་ང་ཡི་རོགས་ལོ་རེད།།
རོགས་ལོ་བྱ་ལུས་ཡིན་རུང་ཡིད་འཕྲོག་གི །
གྲོང་ཆུང་འཁོར་བ་སྐྱིད་རེས་སྡུག་རེས་རེད།
ཁ་ཚིག་ལྷོ་སྐུར་བྱང་སྐུར་ཁག་པོ་རེད།།
རྐྱེན་ངན་བར་ཆད་གཅིག་ཐོག་གཅིག་བཞག་རེད།།
མཚོ་མོ་ཆུང་ཆུང་མཚོ་མཐའ་མེ་ཏོག་ཅན།།
ང་ཡིས་བལྟས་ན་ང་ཡི་ཆུང་ལོ་རེད།།
ཆུང་ལོ་ཆུ་གཟུགས་ཡིན་རུང་སེམས་དུང་གི །
ཨོ་ཧོ་ཧོ་ཧོ། ཨོ་ཧོ་ཧོ་ཧོ།
ང་ཡིས་བལྟས་ན་ང་ཡི་ཆུང་ལོ་རེད།།
ཆུང་ལོ་ཆུ་གཟུགས་ཡིན་རུང་སེམས་དུང་གི །
སྡེ་ཆེན་སྡེ་བ་སྨུག་ས་སྨུག་ཡུལ་རེད།།
གྲོང་ཆུང་འཁོར་བ་སྐྱིད་རེས་སྡུག་རེས་རེད།།
གླིང་ཡུལ་མྱི་ཁ་སང་ཡོང་གནངས་ཡོང་རེད།།
རྐྱེན་ངན་བར་ཆད་གཅིག་ཐོག་གཅིག་བཞག་རེད།།
རོགས་ལོ་བྱ་ལུས་ཡིན་རུང་ཡིད་འཕྲོག་གི །
ཆུང་ལོ་ཆུ་གཟུགས་ཡིན་རུང་སེམས་དུང་གི །
ཨོ་ཧོ་ཧོ་ཧོ། ཨོ་ཧོ་ཧོ་ཧོ།