作词 : 贡去扎西
作曲 : 曲扎
སྙིང་ལ་ཆགས་པའི་གཞིས་ཀ།
ཚིག འབྲོག་བུ་དཀོམ་བཀྲ།
གཞས་པ། བྷོད་རྡོར་འཆང་།
རོལ་མོ་སྒྲིག་བཟོ་བ། འབྲུག་ཁྱུང་།
ཕ་ཡུལ་སྐྱིད་པའི་ལུང་པ་མཛེས། ཞང་ཨ་རེས་ལ་ལ་མོ།
སྤང་གཤོང་པདྨ་འཁྲུངས་ཡོད་ལ་སེ། ཞང་ཨ་རེས་ལ་ལ་མོ།
རི་སྟོད་སྤྲིན་དཀར་འཁྲིགས་པ་ལ་སེ། ཞང་ཨ་རེས་ལ་ལ་མོ།
ཆུ་བོ་ཡན་ལག་བརྒྱད་ལྡན་འབབ། ཞང་ཨ་རེས་ལ་ལ་མོ།
ཁྲི་ཤོར་རྒྱལ་མོ་དྭངས་པ་ལ། ཞང་ཨ་རེས་ལ་ལ་མོ།
མཚོ་མཐའ་གནམ་ལ་འདྲེས་ཡོད་ལ་སེ། ཞང་ཨ་རེས་ལ་ལ་མོ།
སྦྲ་ནག་ཁྲི་སྡེས་བསྐོར་ཡོད་ལ་སེ། ཞང་ཨ་རེས་ལ་ལ་མོ།
ལས་ཀྱི་མེ་ལོང་འདྲ་སོང་ལ། ཞང་ཨ་རེས་ལ་ལ་མོ།