作曲 : 荣木普布次仁
编曲 : 久巴
སྙིང་གཏམ།
གཞས་ཚིག བཀྲ་ཤིས་སེང་གེ
གཞས་གདངས། རོང་མོ་ཕུར་བུ་ཚེ་རིང་།
གཞས་པ། གཅོད་པ།
འཇིག་རྟེན་མི་ཡུལ་རིག་པའི་ཞིང་རེད།།
རིག་གནས་ཡོན་ཏན་མི་ཚེའི་རྒྱན་ཡིན།།
མི་ལུས་རིན་ཆེན་ལན་གཅིག་ལོན་པ།།
དོན་གོ་ཡོད་དགོས། རིན་ཐང་ལྡན་དགོས།
མི་ཚེ་དོན་མེད་འཕྲོ་བརླག་མ་གནང་།།
བུ་ལ་སྙིང་སྟོབས་ཡོད་ན།།
མི་འགྲུབ་བྱ་བ་མི་འདུག།
རིག་པའི་གཤོག་རྩལ་ངོམ་བཞིན།།
ཤེས་བྱའི་ནམ་འཕང་གཅོད་དགོས།།
རིག་པའི་གཤོག་རྩལ་ངོམ་བཞིན།།
ཤེས་བྱའི་ནམ་འཕང་གཅོད་དགོས།།
དྲིན་ཆེན་དགེ་རྒན་མི་ཡི་མགོན་རེད།།
སློབ་གསོའི་གདམས་ངག་སྙིང་གི་གཏམ་ཡིན།།
བརྩེ་བའི་བསླབ་བྱ་གླུ་རུ་བླངས་པ།།
སེམས་ལ་བཟུང་ཡོད། ཡིད་ལ་འཆང་ཡོད།
ནམ་ཡང་སེམས་ནས་བརྗེད་པ་མི་སྲིད།།
བུ་ལ་རེ་བ་ཡོད་ན།།
ལང་བའི་སྙིང་སྟོབས་བསྐྱེད་ཡོད།།
མ་འོངས་མི་ཚེའི་ཁ་ཕྱོགས།།
མདུན་ནས་མདུན་དུ་བསྐྱོད་དགོས།།
མ་འོངས་མི་ཚེའི་ཁ་ཕྱོགས།།
མདུན་ནས་མདུན་དུ་བསྐྱོད་དགོས།།
སྐད་དང་ཡི་གེ་རིགས་ཀྱི་སྲོག་རེད།།
ཡ་རབས་གོམས་གཤིས་རུས་ཀྱི་རྐང་ཡིན།།
རང་ཅག་གདོང་དམར་བོད་ཀྱི་རྒྱུད་པ།།
ངང་རྒྱུད་བཟང་དགོས། ཕྱི་ཐག་རིང་དགོས།
མེས་པོ་གོང་མའི་ཤུལ་ལམ་མ་སྣོགས།།
གནའ་དེང་རིག་པའི་སྙིང་བཅུད།།
སྦྱང་དང་བརྩོན་པས་ལོངས་དང་།།
ཉེར་གཅིག་དུས་རབས་གསར་པའི།།
མདུན་ལམ་འཚོལ་སྟངས་དེ་ཡིན།།
ཉེར་གཅིག་དུས་རབས་གསར་པའི།།
མདུན་ལམ་འཚོལ་སྟངས་དེ་ཡིན།།
ཉེར་གཅིག་དུས་རབས་གསར་པའི།།
མདུན་ལམ་འཚོལ་སྟངས་དེ་ཡིན།།