作曲 : 久巴
编曲 : 久巴
གཉེན་སྟོན་བསུ་གླུ།
གཞས་ཚིག བསྟན་འཛིན་སེང་གེ
གཞས་གདངས། གཅོད་པ།
གཞས་པ། གཅོད་པ།
དུས་དེ་རིང་ཚེས་བཟང་སྐར་བཟང་ལ།།
བཀྲ་ཤིས་པའི་གཉེན་སྟོན་བཟང་པོ་ཉིན།།
དོན་འགྲུབ་པའི་སྙན་མོའི་གླུ་ཆུང་འབུལ།།
རྟེན་འབྲེལ་ཡག གཉེན་སྟོན་བསུ།
དགའ་སྐྱིད་འཛོམས་པའི་བཀྲ་ཤིས།།
དུས་དེ་རིང་དགའ་འཛོམས་སྐྱིད་འཛོམས་ལ།།
སྟག་ཤར་རའི་དབུ་འཕང་དགུང་ལས་མཐོ།།
སྨན་བུ་མོའི་ཞལ་རས་འཛུམ་གྱིས་ཕྱུག།
ལས་དབང་ཡག དུས་བཟང་བསུ།
དཔལ་ཡོན་དར་བའི་བཀྲ་ཤིས།།
དུས་དེ་རིང་བཟང་པོ་བཅུ་འཛོམས་ལ།།
བློ་དཀར་བའི་ཕུ་ནུ་མིང་སྲིང་འཛོམས།།
ཞེ་མཐུན་པའི་གྲོགས་པོ་གྲོགས་མོ་འཛོམས།།
འཛོམས་པ་ཡག སྐྱིད་ལ་རོལ།
དགེ་མཚན་རྒྱས་པའི་བཀྲ་ཤིས།།