编曲 : 巴次/极地音符发布
སྤུན་གྲོགས།
གཞས་ཚིག འབྲོག་འར་ཀྱེ།
གཞས་གདངས། རྭ་སྒྲེང་སྐལ་བཟང་།
གཞས་པ། པ་ཚེ།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ལས་སྨོན་བཟང་པོ་ཞིག་གིས། །
དལ་འབྱོར་འཛོམས་པ་ཡག་སོང་། །
སྤུན་གྲོགས་མཛའ་བརྩེ་ཟེར་བ། །
ཕྲག་དོག་མེད་ན་བསམ་གྱིས། །
སྐལ་བ་ཡར་འགྲོ་ཞིག་གིས། །
ཚེ་འདི་འཛོམས་པ་ཡག་སོང་། །
སྤུན་གྲོགས་ཕྱི་ཐག་ཟེར་བ། །
ཨ་གསར་མིན་ན་བསམ་གྱིས། །
དམ་ཚིག་བསྲུངས་ལུགས་ཞིག་གིས། །
ངེད་གཉིས་སེམས་པ་མཐུན་སོང་། །
སྤུན་གྲོགས་ཡིད་ཆེས་ཟེར་བ། །
གཡོ་ཁྲམ་མེད་ན་བསམ་གྱིས། །
བཀྲ་ཤིས་རྟགས་མཚན་ཞིག་གིས། །
སྒྱུ་རྩལ་གཅིག་ལ་དགའ་སོང་། །
སྤུན་གྲོགས་འཛོམས་གླུ་ཟེར་བ། །
ཡིད་ཀྱི་བླངས་ན་བསམ་གྱིས། །
དམ་ཚིག་བསྲུངས་ལུགས་ཞིག་གིས། །
ངེད་གཉིས་སེམས་པ་མཐུན་སོང་། །
སྤུན་གྲོགས་ཡིད་ཆེས་ཟེར་བ། །
གཡོ་ཁྲམ་མེད་ན་བསམ་གྱིས། །
བཀྲ་ཤིས་རྟགས་མཚན་ཞིག་གིས། །
སྒྱུ་རྩལ་གཅིག་ལ་དགའ་སོང་། །
སྤུན་གྲོགས་འཛོམས་གླུ་ཟེར་བ། །
ཡིད་ཀྱི་བླངས་ན་བསམ་གྱིས། །
སྤུན་གྲོགས་འཛོམས་གླུ་ཟེར་བ། །
ཡིད་ཀྱི་བླངས་ན་བསམ་གྱིས། །