编曲 : 巴次/极地音符发布
ཆང་གཞས།
ལེན་མཁན། རྭ་སྒྲེང་སྐལ་བཟང་།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
ཆང་ཕུད་དང་པོ།
བརྩེ་བའི་ཡབ་ཡུམ་རྣམས་ལ་འབུལ།
ཆང་འདི་ནི།
སེམས་ནང་གི་སྐད་ཆ་མཚོན་ཡོད།
བྱམས་རྩེའི་ཡབ་ཡུམ་རྣམ་པ་ལྷན་རྒྱས།
སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག
ཆང་ཕུད་གཉིས་པ།
བརྩེ་བའི་སྤུན་མཆེད་རྣམས་ལ་འབུལ།
ཆང་འདི་ནི།
སེམས་ནང་གི་སྐད་ཆ་མཚོན་ཡོད།
བརྩེ་བའི་སྤུན་མཆེད་རྣམས་པ་ལྷན་རྒྱས།
ང་ཡི་ངོ་ཆང་བཞེས་རོགས་གནང་དང་།
ཆང་ཕུད་གསུམ་པ།
བརྩེ་བའི་གྲོགས་པོ་ཡོངས་ལ་འབུལ།
ཆང་འདི་ནི།
ཆང་འདི་ནི་སེམས་ནང་གི་སྐད་ཆ་མཚོན་ཡོད།
བརྩེ་བའི་གྲོགས་པོ་རྣམས་པ་ལྷན་རྒྱས།
གསུམ་སྒྲོན་མཉེས་དག་གནང་རོགས་གནང་།
ལེན་མཁན། པ་ཚེ།
ཕོ་བྲང་དམར་པོ་རེད།
མི་ཕོའི་མཛེས་རྒྱན་རེད།
ལོ་རྒྱུས་རྡོ་རིངས་རེད།
ང་ཚོའི་གཟི་བརྗིད་རེད།
གཡུ་ཞོང་རྩ་ཐང་རེད།
མེ་ཏོག་གླིང་ག་རེད།
མཛེས་པའི་ཡུལ་ལྗོངས་རེད།
ང་ཚོའི་ཕ་ཡུལ་རེད།
སྦྲ་ནག་གྲུ་བཞི་རེད།
ཕུ་ནུ་འདུ་རྭ་རེད།
དགོད་སྒྲའི་གར་སྟིག་རེད།
ང་ཚོ་ཕ་གཞིས་རེད།
དབྱར་གཞུང་སྐྱིད་པའི་ཚལ་ན།
མེ་ཏོག་གྲངས་ལས་འདས་ཀྱང་།
གཡུ་སྦྲང་གཞོན་ནུའི་སེམས་པ།
ཨུ་དུམ་ཝ་ར་ཁྱེད་ཡིན།
ཚང་ཚིང་གཡུ་ལོའི་འཁྲོད་ན་ལ།
དཀར་དམར་ཤིང་སྣ་འཛོམས་ཀྱང་།
ཁུ་བྱུག་སྔོན་མོའི་སེམས་པ།
ལྷ་ཤིང་ཤུག་པ་ཁྱེད་ཡིན།
མི་ཚོགས་མང་པོའི་འཁྲོད་ལ།
ན་ཆུང་མཛེས་མ་མང་ཡང་།
བུ་ཆུང་སེམས་པ་འཁོར་ས།
ཆུང་འདྲིས་བྱམས་པ་ཁྱེད་ཡིན།
གནས་མཇལ་ཞུ་ལ་་ཕྱིན་པས།།
གཙང་གི་བཀྲིས་ལྷུན་མཇལ་བྱུང་།།
ཨ་གྲོང་ཨེ་ཨེ་་་་་་་
གཙང་གི་ལ་ནི་བཀྲ་ལྷུན་ངོ་མཚར་སྔར་ལས་ཆེ་བྱུང་།
ཀུན་ཟིགས་བོད་ལ་ཕེབས་བྱུང་།
པན་ཆེཎ་བོད་ལ་ཕེབས་བྱུང་།
ཨ་གྲོང་ཨེ་་་་་་་་་
གཙང་གི་བཀྲ་ལྷུན་མཇའ་དང་འོད་ཀྱི་ཁེངས་སོང་།
ཡར་ལ་མཇལ་དར་ཕུལ་ཡོད།
མར་ལ་འཇལ་འདུད་གནང་བྱུང་།
ཨ་གྲུང་ཨེ་་་་་་
ནད་མེད་ཚེ་རིང་ཡོང་བའི།
ཚེ་དང་ཚེ་འདུད་གནང་བྱུང་།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་ཡུལ་ལ་བརྩེ་བ་ཟབ་མོ་ཡོད།
ཕ་ཡུལ་ཁྱེད་ནི་འཛམ་གླིང་གི་རྩེ་ན་ཡོད།
ཕ་ཡུལ་ཆུང་ཆུང་བུ་ངའི་སེམས་ན་ཡོད།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་ཡུལ་དང་ཕ་སྐད་སྙིང་ན་ཡོད།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་སྐད་ལ་བརྩེ་བ་བཟབ་མོ་ཡོད།
ཕ་མ་དགེ་རྒན་བུ་ཆུང་ངའི་དྲིན་ཆེན་ཡིན།
དབྱངས་གསལ་སོ་བཞི་བུ་ཆུང་ངའི་རྒྱན་ཆ་ཡིན།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་ཡུལ་དང་ཕ་སྐད་སྙིང་ན་ཡོད།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་ཡུལ་ལ་བརྩེ་བ་བཟབ་མོ་ཡོད།
ཕ་ས་ཕ་ཡུལ་ཉི་ཟླ་ཡི་སྤང་ན་ཡོད།
ཕ་ས་ཕ་ཡུལ་གངས་རིའི་འདབས་ན་ཡོད།
ཕ་བཟང་གི་བུ་ཕྲུག་ཞིག་ཡིན་ན།
ཕ་ཡུལ་དང་ཕ་སྐད་སྙིང་ན་ཡོད།