作词 : 巴桑次仁
作曲 : 巴桑次仁
ཕ་ཡུལ་གངས་ལྗོངས།
གཞས་ཚིག དགེ་ཟླ་འོད།
གཞས་གདངས་ པ་སངས་ཚེ་རིང་།
གཞས་བ་ པ་སངས་ཚེ་རིང་།
ཨ་རོགས་ལ་ཡེ་་་
སྟོད་འདི་ན་གངས་རི་ངོ་མཚར་ཅན། །
ཤེལ་དཀར་པོ་མཆོད་རྟེན་བཞེང་འདྲ་བོ། །
གནས་ཁྱད་ཕགས་གངས་དཀར་ཏེ་སེ་རེད། །
བོད་ཁ་བ་ཅན་གྱི་བླ་རི་རེད། །
ཨ་རོགས་ལ་ཡེ་་་
བར་འདི་ན་མཚོ་མོ་ངོ་མཚར་ཅན། །
གནམ་སྔོན་པོ་ཐང་ལ་ལྷུང་འདྲ་བོ། །
གནས་ཁྱད་ཕགས་གནམ་མཚོ་ཕྱུག་མོ་རེད། །
བོད་ཁ་བ་ཅན་གྱི་བླ་མཚོ་རེད། །
ཨོ་ཡེ་་་
བླ་མཚོ་རེད། །
ཟས་སྣ་ལྔའི་མཆོད་པ་ཁྱེད་ལ་འབུལ། །
ཨ་རོགས་ལ་ཡེ།
སྨད་འདི་ན་གྲྭ་ས་ངོ་མཚར་ཅན། །
ནང་རིག་གཞུང་བརྒྱ་མཚོ་འཁྱིལ་འདྲ་བོ། །
རྫ་སེར་ཤུལ་ནང་བསྟན་སློབ་གླིང་རེད། །
བོད་གངས་ཅན་བསྟན་པའི་རྒྱལ་མཚན་རེད། །
ཨ་རོགས་ལ་ཡེ་་་
ཞིང་འདི་ན་ཕོ་བྲང་ངོ་མཚར་ཅན། །
བྲག་དཀར་དམར་དགུང་དང་མཉམ་འདྲ་བོ། །
མཁར་མི་འགྱུར་ཕོ་བྲང་པོ་ཏ་ལ། །
བོད་བཙན་པོའི་སྔོན་མིས་ཤུལ་བཞག་རེད། །
ཨོ་ཡེ་་་
ཤུལ་བཞག་རེད། །
སེམས་དད་པའི་བརྐྱངས་ཕྱག་ཁྱེད་ལ་འཚལ། །
ཨོ་ཡེ་་་
ཁྱེད་ལ་འཚལ། །
སེམས་དད་པའི་བརྐྱངས་ཕྱག་ཁྱེད་ལ་འཚལ། །