作词 : 无
作曲 : 巴桑次仁
༼གྱ་སྟོན་དུས་དྲན།༽
གཞས་ཚིག། སྐྱེས་རུ་སྨན་བླ་རྡོ་རྗེ།
གཞས་མདངས། པ་སངས་གྲགས་པ།
གཞས་པ། པ་སངས་གྲགས་པ།
དུས་དེ་རིང་ཉིན་བཟང་སྐར་བཟང་རེད།།
རྗེ་བླ་མ་དགུང་གྲངས་བརྒྱད་ཅུར་ཕེབས།།
ལག་ཁ་བཏགས་བཟུང་ནས་འཇལ་དུ་འགྲོ།།
སེམས་དགའ་སྤྲོས་གླུ་དབྱངས་འབུལ་དུ་འགྲོ།།
ཆོས་མདོ་རྒྱུད་མཁྱེན་ཡང་སྦས་ཚུལ་སྟོན།།
ལམ་མཉམ་རྗེས་ཐོབ་ཀྱང་དམན་ས་འཛིན།།
རྐྱེན་བཟང་ངན་གང་བྱུང་ལམ་དུ་འཁྱེར།།
རྗེ་བླ་མ་ཐུབ་བསྟན་དགའ་བའི་དཔལ།
འཁོར་རང་ཁྱིམ་མི་སྤེལ་དགོན་སྡེ་བསྐྲུན།།
ཆོས་ཁ་བཤད་མི་བརྩོན་ཉམས་ལེན་འབད།།
ཐུགས་སྙིང་རྗེས་འགྲོ་ཀུན་བུ་ལྟར་བརྩེ།།
རྗེ་བླ་མ་ཐུབ་བསྟན་དགའ་བའི་དཔལ།།
ཆོས་ཟབ་དགུ་སྨིན་གྲོལ་གདམས་པ་དང་།།
ལུས་འཆི་གསོས་སྨན་སྦྱིན་མཛད་པ་སོགས།།
བསམ་བཞིན་དུ་ཁྱེད་ཀྱི་བཀའ་དྲིན་ནི།།
སྙིང་དམར་པོའི་དཀྱིལ་ནས་ནམ་ཡང་དྲན།།