ལེན་མཁན། མཁའ་འགྲོ་མཚོ།
ཀི་ཐར། བསྟན་འཛིན་ཡེ་ཤེས།
སྒྲ་སྙན། བསྟན་འཛིན་ཡེ་ཤེས།
གླུ་ལ་ཡར་འགྲོ་ལགས།
སྟོད་ན་གདན་ས་སྐྱིད་པ།
དཔལ་ལྡན་ངམ་རིང་ཆོས་སྡེ།
སྨད་ན་མཚོ་མོ་མཛེས་པ།
སྐྱེམས་མཚོ་གཡུ་ཡི་མེ་ལོང་།
སྨད་ན་མཚོ་མོ་མཛེས་པ།
སྐྱེམས་མཚོ་གཡུ་ཡི་མེ་ལོང་།
གླུ་ལ་ཡར་འགྲོ་ལགས།
མཚན་སྙན་ཀུན་ལ་ཁྱབ་པའི།
གནས་མཆོག་ངམ་རིང་ཆོས་སྡེ།
བརྗིད་ཆགས་བྱམས་ཁང་ཆེན་མོའི།
རྟེན་གཙོ་རྒྱལ་བ་བྱམས་པ།
བརྗིད་ཆགས་བྱམས་ཁང་ཆེན་མོའི།
རྟེན་གཙོ་རྒྱལ་བ་བྱམས་པ།