ལེན་མཁན། མཁའ་འགྲོ་མཚོ།
ཀི་ཐར། བསྟན་འཛིན་ཡེ་ཤེས།
སྒྲ་སྙན། བསྟན་འཛིན་ཡེ་ཤེས།
ནོར་བཟང་བྱང་ལ་ཐད་དུས།
ཡིད་འཕྲོག་འཁྲིད་རོགས་གནང་དང་།
གསུངས་དང་ནོར་བཟང་ལགས།
ནོར་བཟང་རྒྱ་ལུ་ལགས།
ཡིད་འཕྲོག་མ་འཁྲིད་གསུང་ན།
སེམས་པའི་སེམས་རྟེན་བཞག་རོགས།
གསུངས་དང་ནོར་བཟང་ལགས།
ནོར་བཟང་རྒྱ་ལུ་ལགས།
དབུ་ཞྭ་སེར་ཆེན་འབོག་ཏོ།
མཛེས་མར་སེམས་རྟེན་བཞག་རོགས།
གསུངས་དང་ནོར་བཟང་ལགས།
ནོར་བཟང་རྒྱ་ལུ་ལགས།
གསུངས་དང་ནོར་བཟང་ལགས།
ནོར་བཟང་རྒྱ་ལུ་ལགས།
གསུངས་དང་ནོར་བཟང་ལགས།
ནོར་བཟང་རྒྱ་ལུ་ལགས།