作曲 : 尕松旦争
编曲 : 才仁帮巴
ཤུགས་རྒྱོབ།།
ཚིག་ ཚེ་རིང་དཔལ་ལྡན།
དབྱངས། སྐལ་བཟང་བསྟན་འཛིན།
རོལ་མོ: ཚེ་རིང་དཔལ་འབར།
ལེན་མཁན། སྐལ་བཟང་བསྟན་འཛིན།
མཉམ་ལེན། སྐལ་བཟང་བསྟན་འཛིན།
སྒྲ་ལེན། པ་སངས།
ཕ་ཡུལ་ཡུལ་མི་ཚོ།།
སེམས་ཤུགས་མ་ཉམས་པ།།
མགོ་བོ་མ་སྒུར་ནས།།
ཁ་རས་ཡག་པོ་རྒྱོབ།།
ཨ་་་་་ཡུལ་མི་ཚོ། ཤུགས་རེ་རྒྱོབ།
འདྲ་མིན་མ་བཤད་ནས།།
སྒོ་ཁ་ཉུང་འགྲོ་གྱིས།།
ཡུལ་མི་ཚོ་་་་་་ཤུགས་རེ་རྒྱོབ་་་་་་ཤུགས་རེ་རྒྱོབ།
སྨན་པའི་ཁ་ལ་ཉན།།
གཙང་སྦྲ་ཡག་པོ་གྱིས།།
ཏང་སྲིད་ཡིད་ཆེས་དགོས།།
གང་ས་མ་འགྲོ་རོགས།།
ཨ་་་་་ཡུལ་མི་ཚོ། ཤུགས་རེ་རྒྱོབ།
ནད་ཡམས་སྔོན་འགོག་ནི།།
ཚང་མས་འོས་འགན་ཡིན།།
ཡུལ་མི་ཚོ་་་་་་ཤུགས་རེ་རྒྱོབ་་་་་་ཤུགས་རེ་རྒྱོབ།
མཐུན་པའི་ལག་གདང་སྦྲེལ།།
གོམ་པ་མཉམ་དུ་སྤོས།།
ནད་ཡམས་རྒྱལ་ཁ་དེ།།
མྱུར་དུ་ཐོབ་པ་དགོས།།
ཨ་་་་་ཡུལ་མི་ཚོ། ཤུགས་རེ་རྒྱོབ།
དེ་རིང་འབད་པ་ནི།།
སང་ཉིན་རྒྱལ་ཁ་ཡིན།།
ཡུལ་མི་ཚོ་་་་་་ཤུགས་རེ་རྒྱོབ་་་་་་ཤུགས་རེ་རྒྱོབ།
ཨ་་་་་ཡུལ་མི་ཚོ། ཤུགས་རེ་རྒྱོབ།
དེ་རིང་འབད་པ་ནི།།
སང་ཉིན་རྒྱལ་ཁ་ཡིན།།
ཡུལ་མི་ཚོ་་་་་་ཤུགས་རེ་རྒྱོབ་་་་་་ཤུགས་རེ་རྒྱོབ།