作词 : 古格洛桑
作曲 : 古格洛桑
编曲 : 傅荣波
རྟ་བདུན་དབང་པོ་ཨ་མ་ཡིན་ན་དགའ།
སེམས་ཀྱི་རྨ་ཁ་ཨ་མར་ཤོད་དགོས་བསམ།
ཉི་མ་ནུབ་ཕྱོགས་ལ་མོའི་རྒྱབ་ལ་ཕེབས།
བུ་ངའི་རྨ་ཁ་མུན་པའི་རུམ་ལ་འཐིམས།
བཅོ་ལྔའི་ཟླ་བ་ཨ་མ་ཡིན་ན་དགའ།
སྙིང་གི་ན་ཟུག་ཨ་མར་ཤོད་དགོས་བསམ།
ཤར་གྱི་ཟླ་བ་སྤྲིན་གྱིས་སྒྲིབས་པའི་དུས།
སྙིང་གི་ན་ཟུག་མིག་ཆུའི་ནང་དུ་བཞུར།
ནམ་ལངས་སྐར་ཆེན་ཨ་མ་ཡིན་ན་དགའ།
དྲན་གདུང་འགྱོད་གཏམ་ཨ་མར་ཤོད་དགོས་བསམ།
སྐར་ཆེན་ལ་མོའི་རྒྱབ་ལ་ཕེབས་པའི་དུས།
འགྱོད་གདུང་དྲག་པོ་རུས་པའི་ཁོག་ལ་འཐིམས།
རྟ་བདུན་དབང་པོ་ཨ་མ་ཡིན་ན་དགའ།
སེམས་ཀྱི་རྨ་ཁ་ཨ་མར་ཤོད་དགོས་བསམ།
ཉི་མ་ནུབ་ཕྱོགས་ལ་མོའི་རྒྱབ་ལ་ཕེབས།
བུ་ངའི་རྨ་ཁ་མུན་པའི་རུམ་ལ་འཐིམས།
བཅོ་ལྔའི་ཟླ་བ་ཨ་མ་ཡིན་ན་དགའ།
སྙིང་གི་ན་ཟུག་ཨ་མར་ཤོད་དགོས་བསམ།
ཤར་གྱི་ཟླ་བ་སྤྲིན་གྱིས་སྒྲིབས་པའི་དུས།
སྙིང་གི་ན་ཟུག་མིག་ཆུའི་ནང་དུ་བཞུར།
ནམ་ལངས་སྐར་ཆེན་ཨ་མ་ཡིན་ན་དགའ།
དྲན་གདུང་འགྱོད་གཏམ་ཨ་མར་ཤོད་དགོས་བསམ།
སྐར་ཆེན་ལ་མོའི་རྒྱབ་ལ་ཕེབས་པའི་དུས།
འགྱོད་གདུང་དྲག་པོ་རུས་པའི་ཁོག་ལ་འཐིམས།
ནམ་ལངས་སྐར་ཆེན་ཨ་མ་ཡིན་ན་དགའ།
དྲན་གདུང་འགྱོད་གཏམ་ཨ་མར་ཤོད་དགོས་བསམ།
སྐར་ཆེན་ལ་མོའི་རྒྱབ་ལ་ཕེབས་པའི་དུས།
འགྱོད་གདུང་དྲག་པོ་རུས་པའི་ཁོག་ལ་འཐིམས།
སྐར་ཆེན་ལ་མོའི་རྒྱབ་ལ་ཕེབས་པའི་དུས།
འགྱོད་གདུང་དྲག་པོ་རུས་པའི་ཁོག་ལ་འཐིམས།