作词 : 益西生格/平措扎西
作曲 : 扎洛
༼སྨོན་ལམ་༽
ཚིག་་་་བཀྲ་ཤིས་ཕུན་ཚོགས་།
གདངས་་བཀྲ་ནོར་།
གླུ་པ་་བསྟན་པ་རྒྱན་མཚན་།
༡ བྱ་དེ་ཐང་དཀར་རྒོད་པོ།
གཤོག་རྩལ་དེ་འདྲ་ཡོད་ན།
དགུང་སྔོན་མཐོན་པོའི་སྟེང་ནས།
ལྡིང་སྐོར་ལན་གསུམ་བསྐྱོན་དང་།
དམན་ཆུང་བུ་མོའི་ལུས་ལ།
གཤོག་རྩལ་དེ་འདྲ་ཡོད་ན།
ནམ་འཕངས་གཅོད་བཞིན་གཅོད་བཞིན།
ཁྱེད་ཀྱི་ཕྱོགས་ལ་འཕུར་ཆོག
དམན་ཆུང་བུ་མོའི་ལུས་ལ།
གཤོག་རྩལ་དེ་འདྲ་ཡོད་ན།
ནམ་འཕངས་གཅོད་བཞིན་གཅོད་བཞིན།
ཁྱེད་ཀྱི་ཕྱོགས་ལ་འཕུར་ཆོག
དམན་ཆུང་བུ་མོའི་ལུས་ལ།
གཤོག་རྩལ་དེ་འདྲ་ཡོད་ན།
ནམ་འཕངས་གཅོད་བཞིན་གཅོད་བཞིན།
ཁྱེད་ཀྱི་ཕྱོགས་ལ་ནི་འཕུར་ཆོག
༢ ང་གཉིས་གཉིས་པོའི་ལས་དེ།
ཚེ་སྔོན་བསགས་པའི་སྨོན་ལམ།
དགའ་པོ་བྱས་པའི་དྲིན་བཟང་།
གཅིག་སེམས་གཅིག་ལ་སྦྲེལ་བྱུང་།
ཚེ་འདིར་མཉམ་འཛོམས་མེད་པ།
མྱང་དགོས་དེ་འདྲ་བྱུང་ན།།
རྒྱུ་འབྲས་སྲུང་བཞིན་སྲུང་བཞིན།
ཁྱེད་དང་མཉམ་དུ་རོལ་ཆོག
ཚེ་འདིར་མཉམ་འཛོམས་མེད་པ།
མྱང་དགོས་དེ་འདྲ་བྱུང་ན།།
རྒྱུ་འབྲས་སྲུང་བཞིན་སྲུང་བཞིན།
ཁྱེད་དང་མཉམ་དུ་རོལ་ཆོག
ང་གཉིས་གང་འགྲོའི་ས་ལ།
བར་ཆད་མེད་པར་ཤོག་དང་།
སླར་ཡང་བར་ཆད་མེད་པའི།
གསོལ་བ་སྨོན་ལམ་འདེབས་ཆོག
ཚེ་འདིར་མཉམ་འཛོམས་མེད་པ།
མྱང་དགོས་དེ་འདྲ་བྱུང་ན།
རྒྱུ་འབྲས་སྲུང་བཞིན་སྲུང་བཞིན།
ཁྱེད་དང་མཉམ་དུ་རོལ་ཆོག
ང་གཉིས་གང་འགྲོའི་ས་ལ།
བར་ཆད་མེད་པར་ཤོག་དང་།
སླར་ཡང་བར་ཆད་མེད་པའི།
གསོལ་བ་སྨོན་ལམ་འདེབས་ཆོག