作词 : 柯珠
作曲 : 柯珠
编曲 : 柯珠
词:柯珠
曲:柯珠
钢琴:柯珠
吉他:柯珠
编曲:柯珠
混音:柯珠
母带:柯珠
ཆར་སེམ་མཚན་མོའི་ཁྲོམ་གཞུངས་
ཆ་མེད་གློག་གྱི་སྒྲོན་མེ
ང་དང་གྲིབ་མའི་གསང་བ
བར་གནང་སྐར་ཆེན་གྱི་འཚོར་ཡོད་
ཡུལ་རིང་སྒུག་པའི་ཁ་བ
གཅིག་བྱེད་ན་དྲང་ངར་ལས་མེད་འགྲོ
གཞོང་སེམས་སྙིང་སྟོབས་སྤོབས་པས་
ཡང་ནས་ཡང་དུ་སྒུག་ཆོག་
ཆ་མེད་ཆོ་མེད་དོན་མེད་བྲོ་མེད་ཀྱི་
སྐད་ཆ་སྙིངས་པ་འཁྱག་པོ་ཟས་ལྷག་དེ་ཚོ་གཡུགས་ཞོག
ལམ་མེད་ལུགས་མེད་ཁྱད་མེད་ངོ་མེད་ཀྱི་
མི་སྐྱོ་ཐ་ཤལ་སྐྱེས་དམན་ཝ་མོ་དེ་ཚོ་གཡུགས་ཞོག
ཚ་མེད་ཚོམ་མེད་ཟད་མེད་མཐའ་མེད་ཀྱི་
སེམས་ཀྱི་ལྡོག་ཁྲིས་བརྗིད་པོ་འདོད་པ་དེ་ཚོ་གཡུགས་ཞོག
ཡོད་མེད་ཁྱད་མེད་མཁོ་མེད་ཕན་མེད་ཀྱི་
དམ་ཆ་འཁྲམ་པ་སྙིང་གཏམ་ྲཛུན་མ་དེ་ཚོ་གཡུགས་ཞོག
ད་དེ་ནས་ཡར་ཡར་འགྲོ
ཡར་ས་མཐའི་ཡུལ་ལ་འགྲོ
ད་དེ་ནས་ཡར་ཡར་འགྲོ
མགོ་བོ་ཡར་ལ་སྐྱག་ནས་འགྲོ།
ཉམས་མྱུང་རྒད་པོའི་ཁ་ཏ
རེ་བ་རྒྱང་ལ་མ་ཞོག་ཟེར
ཁྱོད་ནེ་རྟ་རྒོད་རི་ཤོར་
འགོག་པའི་ཐབས་ཤིག་མེད་རེད
ད་དེ་ནས་ཡར་ཡར་འགྲོ
ཡར་ས་མཐའི་ཡུལ་ལ་འགྲོ
ད་དེ་ནས་ཡར་ཡར་འགྲོ
མགོ་བོ་ཡར་ལ་སྐྱག་ནས་འགྲོ།