作词 : 柯珠
作曲 : 柯珠
ལྷ་ས། 拉萨
———མཁས་གྲུབ། 凯珠
དགོང་དྲོའི་མཚམས་སྤྲིན་དེ་ནུབ་རི་སྒང་ནས་ཡལ་རན།
མགྲུལ་སྐྱེལ་རླངས་འཁོར་གཅིག་ནང་ང་ལྷ་ས་གྲོང་ལ་སླེབས།
ངའི་མིག་མདུན་དུ
ཕོ་བྲང་པོ་ཏ་ལ།
ས་སྲོད་རབ་རིབ་ནང་
དེ་བས་བརྗིད་ཉམས་ཆེ།
ཐག་རིང་ནས་ཡོང་བའི་མགྲོན་པོ
སེམས་པ་སྐྱོ་བ་མ་གནང།
ཨོ་ ཨོ་ ཨོ།
བར་བསྐོར་ནང་ལ་འདྲ་མིན་མི་འདྲ་མིན་རེ་སྒུག
གྲོང་ཁྱེར་འདིའི་ཁ་རླུང་ནང་སྤོས་དང་བསང་གི་དྲི་ཞིམ།
ལྟད་མོ་བ
སེམས་ཀྱི་ལོངས་སྤྱོད་ཨི་བྱུང་།
ཕྱག་འཚལ་བ
སྨོན་ལམ་ཅི་ཞིག་བཏབ་ཡོད་།
མ་སྐྱེས་ཨ་མའི་ཆང་གིས
བུ་ཆུང་ང་རང་བཟི་སོང་།
ཚངས་དབྱངས་རྒྱ་མཚོའི་མགུར་གྱིས
བུ་ཆུང་ང་རང་དྭངས་སོང་།
འདི་ལྷ་ས ལྷ་ས ལྷ་ས།