作词 : 岗尖土登扎西
作曲 : 旦增才让
ཕར་རིའི་འབྲོག་སྡེ་ཕྱུག་མོའི།།
ཨ་ཅག་ཚེ་རིང་གཡུ་སྒྲོན།།
ཞལ་མཇལ་གནང་དང་ཨེ་ཆོག།
ཚིག་གསུམ་ལབ་ན་འདོད་ཀི།
ཨ་ཨ་ཨ་་་ ཨོ་ཨོ་་་་་
ཁྱོད་ལ་བཤད་ཀི་ནངས་མོར།།
ཨ་ཨ་ཨ་་་
གཞན་ལ་བཤད་ཀི་དཔེ་མེད།།
ལུག་ཆུང་རི་ལ་འདེད་ཀི།
ཨ་ཅག་ཚེ་རིང་གཡུ་སྒྲོན།།
གཞས་གསུམ་བཏང་ན་ཨེ་ཆོག།
ལ་གླུ་ལེན་ན་འདོད་ཀི།
ཨ་ཨ་ཨ་་་ ཨོ་ཨོ་་་་་
ཁྱོད་ལ་བླངས་ཀི་ནངས་མོར།།
ཨ་ཨ་ཨ་་་
གཞན་ལ་མི་ལེན་ཁས་ལེན།།
སྣང་བའི་སྦྲ་གུར་ནང་གི།
ཨ་ཅག་ཚེ་རིང་གཡུ་སྒྲོན།།
ཐེངས་གསུམ་རེག་ན་ཨེ་ཆོག།
ཆང་ས་རྒྱག་ན་འདོད་ཀི།
ཨ་ཨ་ཨ་་་ ཨོ་ཨོ་་་་་
འུ་གཉིས་འགྲོགས་ཀི་ནངས་མོར།།
ཨ་ཨ་ཨ་་་
གཞན་ལ་མི་འགྲོགས་མནའ་འཇོག།
ཨ་ཨ་ཨ་་་
གཞན་ལ་མི་འགྲོགས་མནའ་འཇོག།