作词 : 嚓衠
作曲 : 科才华尔旦
གཡང་ཆགས་བོད་གླུ།
ཚིག ཁྲག་དྲོན།
དབྱངས། ཁོ་ཚེ་དཔལ་ལྡན།
གངས་དཀར་ཡག་ཤེལ་གྱི་ཕོ་བྲང། །
སེང་དཀར་མོའི་གཡུ་རལ་བོད་ལ་ངོམ། །
གངས་དེ་ལ་མཛེས་པའི་རྒྱན་དུ་འཁྲུངས། །
བོད་སྙན་གྲགས་རྒྱས་བ་དེ་དོན་རེད། །
ཨོ་་་ ་་་ ཡེ་་་ ་་་
གངས་དེ་ལ་མཛེས་པའི་རྒྱན་དུ་འཁྲུངས། །
བོད་སྙན་གྲགས་རྒྱས་བ་དེ་དོན་རེད། །
ལྷོ་ཙན་དན་ནགས་ཀྱི་ལྗོན་ཚལ་ནས། །
སྟག་དམར་ཡག་འཛུམ་དྲུག་བོད་ལ་ངོམ། །
ནགས་གཡུ་ལོ་མཛེས་པའི་རྒྱན་དུ་འཁྲུངས། །
དཔའ་རྩལ་དུག་འཛོམས་པ་དེ་དོན་རེད། །
ཨོ་་་ ་་་ ཡེ་་་ ་་་
ནགས་གཡུ་ལོ་མཛེས་པའི་རྒྱན་དུ་འཁྲུངས། །
དཔའ་རྩལ་དུག་འཛོམས་པ་དེ་དོན་རེད། །
རྫ་ཁྲ་ཡག་ཉག་ལམ་གོང་མ་ན། །
འབྲོང་བྲེ་ལོའི་རྭ་ཁ་བོད་ལ་ངོམ། །
རྫ་སྨུག་པོ་མཛེས་པའི་རྒྱན་དུ་འཁྲུངས། །
ཕྱུགས་འཕེལ་ཁ་རྒྱས་པ་དེ་དོན་རེད། །
ཨོ་་་ ་་་ ཡེ་་་ ་་་
རྫ་སྨུག་པོ་མཛེས་པའི་རྒྱན་དུ་འཁྲུངས། །
ཕྱུགས་འཕེལ་ཁ་རྒྱས་པ་དེ་དོན་རེད། །
ཕྱུགས་འཕེལ་ཁ་རྒྱས་པ་དེ་དོན་རེད། །