作词 : 藏日格桑南正
作曲 : 科才华尔旦
ཟླ་གསུམ་པ་སང་ཉིན་ཚེས་གི་ཟེར། །
བྱ་ཁུ་ལོ་ནགས་ན་ཡོད་གི་ཟེར། །
སྐད་སྙན་མོ་སྟོང་གསུམ་གྲགས་གི་ཟེར། །
གཏམ་དེ་ཚོ་གོ་ན་སྐྱིད་ཞིག་རེད། །
སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་བླངས། །
དགུང་ལྷོ་སྤྲིན་སང་ཉིན་ཐོན་གི་ཟེར། །
འབྲུག་ལྗང་ལོ་ནང་ན་ཡོད་གི་ཟེར། །
ཆར་བསིལ་མ་རྒྱུན་ཆད་མེད་གི་ཟེར། །
གཏམ་དེ་ཚོ་གོ་ན་སྐྱིད་ཞིག་རེད། །
སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་བླངས། །
དར་དཀར་པོ་སང་ཉིན་འགྲོ་གི་ཟེར། །
མཚོ་ལྗང་ལོའི་ཁ་མདོག་ཕྱེ་གི་ཟེར། །
དུང་དཀར་པོ་ལྷང་ལ་འབུད་གི་ཟེར། །
གཏམ་དེ་ཚོ་གོ་ན་སྐྱིད་ཞིག་རེད། །
སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་བླངས། །
སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་བླངས། །