作词 : 昂赛旺甲
作曲 : 民间
编曲 : 民间
བཀྲ་ཤིས་འཛམ་གླིང་འཛིན་མའི་ལྗོངས་འདིར།།
ཕྲ་བའི་སྲིན་བུ་ཡན་གྱི་བཀྲ་ཤིས།།
བཀྲ་ཤིས་ཕན་ཚུན་བྱམས་ཤིང་བརྩེ་བས།།
ཡུན་རིང་དགའ་སྐྱིད་འཚོ་བའི་བཀྲ་ཤིས།།
བཀྲ་ཤིས་གངས་ཅན་ཁ་བའི་ལྗོངས་འདིར།།
མདོང་སོང་བྱིས་པ་ཡན་གྱི་བཀྲ་ཤིས།།
བཀྲ་ཤིས་རིག་པའི་གནས་ལ་བརྩོན་ནས།།
དོན་འབྲས་དངོས་སུ་སྨིན་པའི་བཀྲ་ཤིས།།
དོན་འབྲས་དངོས་སུ་སྨིན་པའི་བཀྲ་ཤིས།།
བཀྲ་ཤིས་ཁམས་ཕྱོགས་སྟོང་དབང་ཆེན་མོ།།
དམན་པ་སྒོ་ཁྱི་ཡན་གྱི་བཀྲ་ཤིས།།
བཀྲ་ཤིས་དམ་གཙང་ལས་སྨོན་བཟང་པོའི།།
རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས།།
བཀྲ་ཤིས་སྟོན་མཆོག་སངས་རྒྱས་བཀྲ་ཤིས།།
བཀྲ་ཤིས་བདེན་གསུམ་དམ་ཆོས་བཀྲ་ཤིས།།
བཀྲ་ཤིས་ཚོགས་མཆོག་དགེ་འདུན་བཀྲ་ཤིས།།
བཀྲ་ཤིས་ཀུན་འདུས་བླ་མའི་བཀྲ་ཤིས།།
བཀྲ་ཤིས་ཀུན་འདུས་བླ་མའི་བཀྲ་ཤིས།།