作词 : 玛奥
作曲 : 卓玛加
男:
མཁའ་ན་འཇོ་བའི་བདུད་རྩི་བསིལ་མ་གཅིག།
སེམས་ན་འབབ་པའི་གཙང་ཆུ་དྭངས་མོ་གཉིས།
女:
རུས་ན་ཟུག་པའི་ཕ་སྐད་དག་མ་གསུམ།
གངས་ཆབ་ཟེགས་མའི་འགྱུར་ཁུགས་ངོ་མ་ཡིན།
合:
ཧོ་་་་་་ཨོ་་་་་་། ཧོ་་་་་་ཨོ་་་་་་།
བརྩེ་བ་ཕབ་ཡོད་ཡར་ཀླུང་གཙང་བོ་གཅིག།
དུངས་བ་སྤུངས་ཡོད་ཇོ་མོ་གླང་མ་གཉིས། ཨོ་་་་་་།
དམ་ཚིག་བཞེངས་ཡོད་རྡོ་རྗེ་མདུད་པ་གསུམ།
གངས་ཆབ་ཟེགས་མའི་འགྱུར་ཁུགས་ངོ་མ་ཡིན།
男:
དགའ་སྐྱོ་རི་མོ་རི་ལ་བརྐོ་བ་གཅིག།
སྐྱིད་སྡུག་ལོ་ཟླ་ཆུ་ལ་སྐུར་བ་གཉིས།
女:
བདེ་སྡུག་ལས་དབང་དབྱངས་ལ་འགུགས་བ་གསུམ།
གངས་ཆབ་ཟེགས་མའི་འགྱུར་ཁུགས་དག་མ་ཡིན།
合:
ཧོ་་་་་་ཨོ་་་་་་། ཧོ་་་་་་ཨོ་་་་་་།
ང་ནི་ཁྱོད་ཡིན་ཁྱོད་ནི་ང་ཡང་ཡིན།
ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན། ཨོ་་་་་་།
མཐུན་སྒྲིལ་དབྱང་རྡང་དམིགས་ཡུལ་གཅིག་པ་ཡིན།
གངས་ཆབ་ཟེགས་མའི་འགྱུར་ཁུགས་བདེན་པ་ཡིན།
ཧོ་་་་་་ཨོ་་་་་་། ཧོ་་་་་་ཨོ་་་་་་།
ང་ནི་ཁྱོད་ཡིན་ཁྱོད་ནི་ང་ཡང་ཡིན།
ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན། ཨོ་་་་་་།
མཐུན་སྒྲིལ་དབྱང་རྡང་དམིགས་ཡུལ་གཅིག་པ་ཡིན།
གངས་ཆབ་ཟེགས་མའི་འགྱུར་ཁུགས་བདེན་པ་ཡིན།