作词 : 仁增南加
作曲 : 桑塞穆
མཐོ་ལ་མཐོ་བ་གངས་རི་ཡི་རྩེ་མོ།
ངའི་མཐོ་སྒང་གི་གཞི་འཛིན་ཏུ་གྱུར་བས།
མཛེས་སྡུག་གི་རྩྭ་ཐང་སྟེང་དུ།
དྲོད་ཀྱི་གསོས་པའི་ཕྱི་ཡི་ནོར་བུ་ཡིན།
གངས་རི་དཀར་པོ། གངས་རི་དཀར་པོ།
ངའི་གངས་ལྗོངས་ཀྱི་ས་གཞིས་གཡང་ཁྱིམ་དྲོན་མོ།
མེས་པོ་ཚོའི་ཞལ་ཏ་ཐུགས་སུ་འཁྱིལ་བའི།
སུ་དང་གང་གི་སེམས་སུ་ཐིམ།
ཨོ།
ངའི་མཐོ་སྒང་གཞི་འཛིན།
ངའི་གངས་ལྗོངས་ཀྱི་མཚེར་གཞིས།
མཐོ་སྒང་གི་གཡང་ཁྱིམ།
རིག་པའི་ཆུ་ཀློང་མཐོ་སྒང་ནས་བཞུར་བས།
ངའི་ཤེས་རིག་གི་མྱུ་གུ་ཡི་འབུས་ས།
དུས་རབས་ཀྱི་ཀྱོག་མཚམས་ཞིག་ན།
བརྒལ་ཚིགས་སྲོང་བའི་སྤོབས་པ་ཞིག་ཏུ་གྱུར།
རིག་པའི་གཡང་ཁྱིམ། རིག་པའི་གཡང་ཁྱིམ།
ངའི་ཚེ་སྲོག་གི་འཇིག་རྟེན་འོད་སྣང་སྐྲུན་སོང་།
ཤེས་རབ་ཀྱི་བློ་སྤོབས་གངས་སུ་འཁྲུངས་བས།
སུ་དང་གང་གིས་བཅོལ་སའི་ཡུལ།
ཨོ།
ངའི་ཤེས་རབ་ཀྱི་བློ་སྤོབས།
ངའི་རྣམ་ཤེས་ཀྱི་ས་བོན།
མཐོ་སྒང་གི་གཡང་ཁྱིམ།
ཨོ།
ངའི་ཤེས་རབ་ཀྱི་བློ་སྤོབས།
ངའི་རྣམ་ཤེས་ཀྱི་ས་བོན།
མཐོ་སྒང་གི་གཡང་ཁྱིམ།