作词 : 康索次
作曲 : 康索次
编曲 : 康索次
ང་ཁྱོད་ལ་སེམས་ཁུར་ཆེ།
ཚིག ལྷག་བསམ་རྒྱལ།
དབྱངས། ལྷག་བསམ་རྒྱལ།
གཞས་པ། ལེགས་མཆོག
ང་ནི་ཁྱོད་ལ།
བརྩེ་བ་ཆེ།
སེམས་ཁུར་ཆེ།
ཉིན་མཚན་དུས་ཀུན་ལ།
སེམས་ཁུར་ཆེ།
ཁ་བ་དང་ལྷགས་རླུང་གིས་གཙེས་ཚེ།
དྲག་ཆར་དང་ཉི་འོད་ཀྱིས་གདུང་ཚེ།
ང་ནི་མེ་ཕུང་ཞིག་ཡིན་པར་ཤོག
ང་ནི་ཆར་གདུགས་ཤིག་ཡིན་པར་ཤོག
ང་ནི་ཁྱོད་ལ་དགོས་འདོད་སྟེར་བའི་ནོར་བུ་ཞིག་ཡིན་པར་ཤོག་ཞེས་སྨོན་ལམ་བཏབ་མྱོང་།
ཨོ་་་དགའ་བ་ཟེར་བ་དེ་ཨེ་རེད།
དུང་བ་ཟེར་བ་ཨེ་རེད།
ཁྱོད་རང་མེ་ཏོག་དང་རྩྭ་ཐང་ལ་གཡེེང་ཡོད་ན།
ཁྱོད་ཉིད་ཞི་བདེ་དང་གུ་ཡངས་ཀྱིས་བསྲུང་ཡོད་ན།
ང་རང་དགའ་བའི་ལེགས་སྐྱེས་དེ་ཡིན།
ང་རང་སྤྲོ་བའི་འདུན་པ་དེ་ཡིན།
ང་ནི་ཁྱོད་ལ།
བརྩེ་བ་ཆེ།
སེམས་ཁུར་ཆེ།
ཉིན་མཚན་དུས་ཀུན་ལ།
སེམས་ཁུར་ཆེ།
ཁ་བ་དང་ལྷགས་རླུང་གིས་གཙེས་ཚེ།
དྲག་ཆར་དང་ཉི་འོད་ཀྱིས་གདུང་ཚེ།
ང་ནི་མེ་ཕུང་ཞིག་ཡིན་པར་ཤོག
ང་ནི་ཆར་གདུགས་ཤིག་ཡིན་པར་ཤོག
ང་ནི་ཁྱོད་ལ་དགོས་འདོད་སྟེར་བའི་ནོར་བུ་ཞིག་ཡིན་པར་ཤོག་ཞེས་སྨོན་ལམ་བཏབ་མྱོང་།
ཨོ་་་དགའ་བ་ཟེར་བ་དེ་ཨེ་རེད།
དུང་བ་ཟེར་བ་ཨེ་རེད།
ཁྱོད་རང་མེ་ཏོག་དང་རྩྭ་ཐང་ལ་གཡེེང་ཡོད་ན།
ཁྱོད་ཉིད་ཞི་བདེ་དང་གུ་ཡངས་ཀྱིས་བསྲུང་ཡོད་ན།
ང་རང་དགའ་བའི་ལེགས་སྐྱེས་དེ་ཡིན།
ང་རང་སྤྲོ་བའི་འདུན་པ་དེ་ཡིན།