作词 : 康索次
作曲 : 康索次
编曲 : 康索次
བདེ་མོ།
གཞས་པ། ཁམས་བསོད་ཚེ།
ཨ་རོག་གསར་མོ་ཆུང་ཆུང་།
རེ་བའི་དམིགས་ས་ཁྱོད་ཡིན།
བརྩེ་བ་དག་མ་མེད་ན།
གསར་མོ་ཁྱོད་ཀྱང་བདེ་མོ།
ཨ་རོག་གྲོང་གི་བུ་མོ།
མཛེས་པའི་མིག་གི་མེ་ཏོག།
དུང་བ་ཁྱོད་ལ་མེད་ན།
བུ་མོ་ཁྱོད་ཀྱང་བདེ་མོ།
ཨ་རོག་མཛེས་སྡུག་ལྷ་མོ།
སྙིང་སྡུག་སེམས་གྱི་ལྷ་ཡིན།
སྣང་བ་མཐོ་འདོད་ཆེ་ན།
ལྷ་མོ་ཁྱོད་ཀྱང་བདེ་མོ།
ཨ་རོག་སེམས་ཀྱི་སྒྲོལ་མ།
བུ་ངས་སེམས་བཟུང་ཁྱོད་ཡིན།
འགྱུར་མེད་དམ་བཅའ་མེད་ན་།
སྒྲོལ་མ་ཁྱོད་ཀྱང་བདེ་མོ།
ཨ་རོག་ཆུང་འདྲིས་བྱམས་པ།
ཆུང་འདྲིས་བརྩེ་དུང་འདྲེན་རོག།
ཁྱོད་ལ་འགྱུར་བ་བྱུང་ན།
ཆུང་འདྲིས་ཁྱོད་ཀྱང་མདེ་མོ།