作曲 : 亚丁·根呷
作词 : 格则洛桑
龙多:
གེ་སར་རྒྱལ་པོའི་དཔའ་བོའི་སྣང་བརྙན་དེ་མཐོན་པོ་རི་ལ་བཞེངས་ཡོད།
亚丁·根呷:
སེང་ལྕམ་འབྲུག་མོའི་མཛེས་པའི་མེ་ཏོག་དེ་བདེ་མོའི་སྤང་ལ་བཞད་ཡོད།
龙多:
དཔའ་བོའི་གཏམ་རྒྱུད་ཅིག་གིས་ང་རྒྱལ་སྐྱེས་ཡོད།
亚丁·根呷:
མཛེས་མའི་མཚར་སྡུག་ཅིག་གིས་ཡིད་སེམས་བཟི་ཡོད།
合:
ཕ་ཡུལ་དར་ལག མདུན་དུ་སྐྱོད་ཅིག
སྨུག་སྤྲིན་ལང་ལོང་གི་ལམ་སྣེ་དེ་ནས།
དར་ལག་པ་ཤེས་རིག་གི་ལམ་ལ་ཞུགས་རན།
དར་ལག་པ་ཡོན་ཏན་གྱི་མཁའ་ལ་འཕུར་རན།
亚丁·根呷:
རྨ་གཡང་ཕྱུག་མོའི་མཛེས་པའི་མཚར་སྡུག་དེ་འདི་ནས་ཀུན་ལ་གྲགས་སོང་།
龙多:
རྨ་ཀླུང་སྒེག་མོའི་ལྡེམ་པའི་འཁྱུག་འགྲོས་དེ་འདི་ནས་རིང་དུ་བརྐྱངས་སོང་།
亚丁·根呷:
མཛེས་པའི་ཡུལ་ལྗོངས་ཤིག་གིས་བློ་སྤོབས་བསྐྱེད་སོང་།
龙多:
གཙང་བོའི་རླབས་ཕྲེང་ཞིག་གིས་མི་སེམས་ཁུར་སོང་།
合:
ཕ་ཡུལ་དར་ལག མདུན་དུ་སྐྱོད་ཅིག
སྨུག་སྤྲིན་ལང་ལོང་གི་ལམ་སྣེ་དེ་ནས།
དར་ལག་པ་ཤེས་རིག་གི་ལམ་ལ་ཞུགས་རན།
དར་ལག་པ་ཡོན་ཏན་གྱི་མཁའ་ལ་འཕུར་རན།
ཕ་ཡུལ་དར་ལག མདུན་དུ་སྐྱོད་ཅིག
སྨུག་སྤྲིན་ལང་ལོང་གི་ལམ་སྣེ་དེ་ནས།
དར་ལག་པ་ཤེས་རིག་གི་ལམ་ལ་ཞུགས་རན།
དར་ལག་པ་ཡོན་ཏན་གྱི་མཁའ་ལ་འཕུར་རན།
དར་ལག་པ་ཤེས་རིག་གི་ལམ་ལ་ཞུགས་རན།
དར་ལག་པ་ཡོན་ཏན་གྱི་མཁའ་ལ་འཕུར་རན།
དར་ལག་པ་ཡོན་ཏན་གྱི་མཁའ་ལ་འཕུར་རན།