作词 : 普布扎西
作曲 : 普布扎西
མཛེས་སྡུག་ལྡན་པའི་ཡུལ་ན།།
ཡིད་དབང་སེམས་ཀྱི་ལྷ་མོའི།།
ཞལ་རས་སྐར་གསལ་ཟླ་བ།།
ནམ་ཡང་བརྗེད་ཐབ་མི་འདུག།
བསོ་་་་་་་་་་་་་བསོ་་་་་་་་་་་་་ཡ་ལ་ནས་བསོ།
མཚན་མོའི་རྨི་ལམ་ནང་ནས།།
ཡིད་ལ་འཁོར་ཐེངས་མང་པས།།
ཁྲ་ཆུང་མིག་མཐའ་བརྒྱུད་ནས།།
མུ་ཏིག་ཕྲེང་བ་འཐོར་བྱུང་།།
ལ་ལུང་མང་པོ་བརྒལ་ནས།།
གཞན་ཡུལ་ཕྱོགས་སུ་འགྲེམ་དུས།།
གངས་རི་ཕྱོགས་ཀྱི་ལྷ་མོ།།
ཡིད་ལ་འཁོར་ཐེངས་མང་བྱུང་།།
བསོ་་་་་་་་་་་་་་བསོ་་་་་་་་་་་་ཡ་ལ་ནས་བསོ།
མི་ཚོགས་མང་པའི་ཁྲོད་ནས།།
སེམས་ཀྱི་ལྷ་མོའི་འཛུམ་མདངས།།
ཡིད་ལ་དྲན་ཐེངས་མང་བས།།
དྲན་པའི་གླུ་འདི་ཕུལ་ལོ།།
ཨེ་མ་ངོ་མཚར་ཆེ་ཡ།།
གངས་རི་ལས་ཀྱང་དཀར་བའི།།
ཡིད་འཕྲོག་ལྷ་མོའི་སེམས་པ།།
འགྲན་ཟླ་བྲལ་བ་ཞིག་རེད།།
བསོ་་་་་་་་་་་་་་་བསོ་་་་་་་་་་་་་་་ཡ་ལ་ནས་བསོ།
བཀྲ་ཤིས་དུས་བཟང་ཞིག་ལ།།
བདག་གི་སེམས་ཀྱི་ལྷ་མོ།།
ལྷན་འཛོམ་སྐལ་བ་བྱུང་ན།།
སྙིང་གཏམ་སྙན་ལམ་གླེང་འདོད།།
ཨེ་མ་ངོ་མཚར་ཆེ་ཡ།།
གངས་རི་ལས་ཀྱང་དཀར་བའི།།
ཡིད་འཕྲོག་ལྷ་མོའི་སེམས་པ།།
འགྲན་ཟླ་བྲལ་བ་ཞིག་རེད།།
བསོ་་་་་་་་་་་་་་་བསོ་་་་་་་་་་་་་་་ཡ་ལ་ནས་བསོ།
བཀྲ་ཤིས་དུས་བཟང་ཞིག་ལ།།
བདག་གི་སེམས་ཀྱི་ལྷ་མོ།།
ལྷན་འཛོམ་སྐལ་བ་བྱུང་ན།།
སྙིང་གཏམ་སྙན་ལམ་གླེང་འདོད
ལྷན་འཛོམ་སྐལ་བ་བྱུང་ན།།
སྙིང་གཏམ་སྙན་ལམ་གླེང་འདོད།།