作词 : 元旦西然
作曲 : 朋措达杰
༡ གངས་དཀར་པོ་མ་བཅོས་དད་སེམས་ལས།
ལས་ཅི་བྱས་དགེ་བའི་རང་མདངས་བཀྲ།
དགོན་ཁྲ་མོ་རིག་པའི་མཁའ་ཀློང་ན།
ནང་གྲྭ་ཚང་དམར་སེར་མཚམས་སྤྲིན་ཆཊ
འོ་་ཧོ་་་་་་འོ་ཧོ་ཧོ་་་་་་་སྡོད་རོད་་་་་་རོད་རོད་རོད་་
གསོན་ད་གང་བོད་ལ་ཞེན་ཆགས་དེས།
ཚེ་ཕྱི་མར་བོད་ལུས་ཐོབ་པ་ཤོག
歌词大意
༢ཡུལ་གངས་ཅན་བསོད་ནམས་རི་རྒྱལ་རྩེ།
བོད་མགོ་ནག་དབང་ཐང་རླུང་རྟ་འཐོར།
ཡིད་འཛུམ་པའི་གཞས་གར་བྲོ་གསུམ་ལས།
གླུ་སྙན་མོ་རྣ་བའི་བདུད་རྩི་འཁྱིལ།
འོ་་ཧོ་་་་་་འོ་ཧོ་ཧོ་་་་་་་སྡོད་རོད་་་་་་རོད་རོད་རོད་་
གསོན་ད་གང་བོད་ལ་ཞེན་ཆགས་དེས།
ཚེ་ཕྱི་མར་བོད་ལ་སྐྱེ་བར་ཤོག
说唱 巴金旺甲
ཡ་ཁོ་རེ་་་་་་་་བོད་དབུ་ནག་ལྷ་ཡི་རྒྱུད་པ་ཡིན།
ལྷ་ཚངས་པ་དཀར་པོའི་རྒྱུད་པ་ཡིན།
ལྷ་ཚངས་པའི་བྱམས་སེམས་རྒྱུད་ལ་ཡོད།
བློ་བསམ་པ་དཀར་བའི་རིགས་རྒྱུད་ལ།
ཐུགས་བྱམས་བརྩེའི་འོད་སྣང་གང་ཡོད།
བྱམས་སྙིང་རྗེའི་བདག་པོ་བོད་པ།
རྒྱུད་སྙིང་རྗེ་བློ་དཀར་བསམ་པ་བཟང་།
ལས་རྒྱུ་འབྲས་སྲུང་བའི་མི་རིགས་ལ།
སྐྱེ་བ་ཕྱི་མ་བོད་པ་ཡིན་ན་་བསམ།
སྐྱེ་ཕྱི་མ་མི་ལུས་ལོན་རྒྱུ་ན།
བོད་དབུ་ནག་ལུས་རྟེན་ཐོབ་པར་ཤོག
ཚེ་འདི་ཡི་སྨོན་ལམ་འགྲུབ་རྒྱུ་ན།
སྐྱེ་ཕྱི་མ་བོད་ལ་སྐྱེ་བར་ཤོག
༣ གནས་དག་པ་མདོ་དབུས་ཁམས་གསུམ་ན།
བོད་ཆོལ་གསུམ་གཅིག་མཐུན་ལས་ལ་ཞོར།
ཡུལ་འདི་ལ་འབྲུ་དྲུག་ལོ་ལེགས་རྒྱས།
གནས་འདི་ལ་གཡང་གི་འཕེལ་ཁ་དར།
འོ་་ཧོ་་་་་་འོ་ཧོ་ཧོ་་་་་་་སྡོད་རོད་་་་་་རོད་རོད་རོད་་
གསོན་ད་གང་བོད་ལ་ཞེན་ཆགས་དེས།
ཚེ་ཕྱི་མར་བོད་ལ་སྐྱེ་བར་ཤོག
འོ་་ཧོ་་་་་་འོ་ཧོ་ཧོ་་་་་་་སྡོད་རོད་་་་་་རོད་རོད་རོད་་
གསོན་ད་གང་བོད་ལ་ཞེན་ཆགས་དེས།
ཚེ་ཕྱི་མར་བོད་ལ་སྐྱེ་བར་ཤོག
ཚེ་ཕྱི་མར་བོད་ལ་སྐྱེ་བར ་ཤོག