作词 : 恰嘠·多杰才让
作曲 : 江永土登
ལུག་གཡང་དཀར་མ་མོའི་ལུ་གུ་གཅིག།
无暇绵羊的羔羊
རྟ་རྐྱང་དཀར་རྒོད་མའི་རྟེའུ་གཉིས།།
汗血宝马的马驹
ནོར་ཐུལ་དཀར་འབྲི་མོའི་བེའུ་གསུམ།།
白色牦牛的犊牛
སྨན་བུ་མོ་ང་ཡི་རྩེད་རོགས་ཡིན།།
是少女我的玩伴
ཨ—ཐུལ་དཀར་འབྲི་མོ།།
啊~白色牦牛
སྨན་བུ་མོ་ང་ཡི་རྩེད་རོགས་ཡིན།།
我的玩伴
ཟས་ཞིམ་པོ་སྦྲང་དཀར་རྩམ་པ་གཅིག།
五味俱全的糌粑
བཏུང་མངར་མོ་འོ་ཇ་དཀར་པོ་གཉིས།།
殊滋异味的奶茶
སྤྲི་སྣུམ་པོ་འབྲི་མར་སེར་པོ་གསུམ།།
富有营养的酥油
སྨན་བུ་མོ་ང་ཡི་འདུག་རོགས་ཡིན།།
是少女我的伙伴
ཨ—འབྲི་མར་སེར་པོ།།
啊~天然酥油
སྨན་བུ་མོ་ང་ཡི་འདུག་རོགས་ཡིན།།
我的伙伴
གསེར་སེར་པོ་ཡག་གི་རྣ་ལུང་གཅིག།
金光闪闪的耳环
མདོག་དམར་པོ་བྱུ་རུའི་སྐེ་རྒྱན་གཉིས།།
绚丽珊瑚的项链
དུང་བ་སོ་དཀར་པོའི་གདུ་བུ་གསུམ།།
洁白象牙的手镯
སྨན་བུ་མོ་ང་ཡི་འགྲོ་རོགས་ཡིན།།
是少女我的伴侣
ཨ—བྱུ་རུ་དམར་པོ།།
啊~红色珊瑚
སྨན་བུ་མོ་ང་ཡི་འགྲོ་རོགས་ཡིན།།
我的伴侣
༄། རྩེད་རོགས།
ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།
དབྱངས། འཇམ་དབྱངས་ཐུབ་བསྟན།
ལེན་མཁན། རིན་ཆེན་མཚོ་མོ།