མུ་མཐའ་དབེན་པའི་སྤང་ལྗོངས་ན།
རྟ་ནོར་ལུག་ཁྱུའི་རི་ཀླུང་གང།
རྩ་ཐང་སྟེང་གི་འབྲོག་མོ་ང།
ཨ་་་་་་འ།
གཡང་དཀར་ལུག་ཁྱུའི་རྩེད་གྲོགས་ཡིན།
གཡང་དཀར་ལུག་ཁྱུའི་རྩེད་གྲོགས་ཡིན།
མཐོ་སྒང་གངས་རིའི་ཡུལ་ལྗོངས་ན།
ཆོས་སྲིད་ཉི་ཟླའི་འོད་སྣང་འབར།
བཙན་པོ་བོད་ཀྱི་རྒྱུད་པ་ང།
ཨོ་་་་་འོ་
ཆོས་གསུམ་སྤུན་ཟླའི་རྩེད་གྲོགས་ཡིན།
ཆོས་གསུམ་སྤུན་ཟླའི་རྩེད་གྲོགས་ཡིན།
སྙན་མོ་དབྱངས་ཀྱི་གར་སྟེགས་ན།
སྙན་པའི་གླུ་སྒྲ་སང་སེ་སང།
རིགས་ལ་བརྩེ་བའི་གླུ་བ་ང།
ཨ་་་་་་འོ་
པི་ཝང་སྙན་མོའི་རྩེད་གྲོགས་ཡིན།
ཨ་་་་་་འོ་
སྙན་མོའི་རྩེད་གྲོགས་ཡིན།
ཨ་་་་་་འོ་
སྙན་མོའི་རྩེད་གྲོགས་ཡིན།