作词 : 元旦西然
作曲 : 赛吾.索南扎巴
གསེར་མདོགས་ཉི་མའི་དཀྱིལ་འཁོར།
ཉི་ཟེར་རྒྱལ་ཁམས་ཁྱབ་དུས།
སློབ་དཔོན་པདྨ་འབྱུང་གནས།
ཉི་རྡུལ་ཟེར་ལ་སྤྲུལ་ནས།
དད་ལྡན་འགྲོ་བའི་སྒོ་ཁར།
ཧོ། ཉིན་རེ་ཐེངས་རེ་ཕེབས་དུས།
རང་སེམས་རིན་ཆེན་གླིང་ལ།
མོས་གུས་ཀློང་ནས་བསུ་འགྲོ།
འབྱུང་བཞིའི་བར་ཆད་བྱུང་དུས།
སློབ་དཔོན་པདྨ་འབྱུང་གནས་མཁྱེན།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
དངུལ་དཀར་ཟླ་བའི་མེ་ལོང་།
ཟླ་བས་མུན་པ་སེལ་དུས།
ཨུ་རྒྱན་པདྨ་འབྱུང་གནས།
ཟླ་བའི་ཟེར་བརྒྱར་སྤྲུལ་ནས།
སྙེགས་དུས་འགྲོ་བའི་སྔས་མགོར།
ཧོ། དགོང་རེ་ལན་རེ་ཕེབས་དུས།
རང་སེམས་འོ་མའི་མཚོ་ལ།
དད་པའི་དབྱིངས་ནས་བསུ་འགྲོ།
འབྱུང་བཞིའི་བར་ཆད་བྱུང་དུས།
སློབ་དཔོན་པདྨ་འབྱུང་གནས་མཁྱེན།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
འབྱུང་བཞིའི་བར་ཆད་བྱུང་དུས།
སློབ་དཔོན་པདྨ་འབྱུང་གནས་མཁྱེན།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།
རང་སེམས་རྣམ་པ་འཁྲུལ་དུས།
ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།