作词 : 藏巴文次
作曲 : 思塔多杰
编曲 : 金强
དབུས་གཙང་བུ་མོ་ཆོས་ལྡན་བོད་ལ་དགའ།
ཆོས་ལྡན་བོད་པ་དམ་ཆོས་སྤེལ་ལ་དགའ།
མ་འོངས་བོད་མིའི་མདུན་ལམ་ཡངས་པོ་ཞིག
འཚེ་མེད་ཞི་བདེ་སེམས་ཀྱིས་འབོད་པར་དགའ།
ཧ་ཨ། དབུས་གཙང་བུ་མོ།
ཧ་ཨ། དབུས་གཙང་བུ་མོ།
འཚེ་མེད་ཞི་བདེ་སེམས་ཀྱིས་འབོད་པར་དགའ།
ཁམས་པ་བུ་མོ་ཁ་བ་བོད་ལ་དགའ།
ཁ་བ་བོད་པ་ཤེས་རིག་དར་ལ་དགའ།
མ་འོངས་བོད་མི་འཛམ་གླིང་ཡང་རྩེ་ནས།
ཚན་རྩལ་རིག་པའི་གཤོག་ཟུང་བརྐྱང་བར་དགའ།
ཧ་ཨ། ཁམས་པ་བུ་མོ།
ཧ་ཨ། ཁམས་པ་བུ་མོ།
ཚན་རྩལ་རིག་པའི་གཤོག་ཟུང་བརྐྱང་བར་དགའ།
ཚན་རྩལ་རིག་པའི་གཤོག་ཟུང་བརྐྱང་བར་དགའ།
ཨ་མདོ་བུ་མོ་སྒང་པ་བོད་ལ་དགའ།
སྒང་པ་བོད་པ་འབྱོར་ཕྱུག་རྒྱས་པར་དགའ།
མ་འོངས་བོད་མི་གླིང་བཞིའི་ཕྱོགས་ཀུན་ནས།
ཚོང་ལས་དཔལ་འབྱོར་སྙན་གྲགས་ཁྱབ་པར་དགའ།
ཧ་ཨ། ཨ་མདོ་བུ་མོ།
ཧ་ཨ། ཨ་མདོ་བུ་མོ།
ཚོང་ལས་དཔལ་འབྱོར་སྙན་གྲགས་ཁྱབ་པར་དགའ།
ཧ་ཨ། ཆོལ་གསུམ་བུ་མོ།
ཧ་ཨ། ཆོལ་གསུམ་བུ་མོ།
འཛམ་གླིང་ཞི་བདེའི་དཔལ་ལ་སྨོན་པར་དགའ།
འཛམ་གླིང་ཞི་བདེའི་དཔལ་ལ་སྨོན་པར་དགའ།
འཛམ་གླིང་ཞི་བདེའི་དཔལ་ལ་སྨོན་པར་དགའ།