作词 : 岗华
作曲 : 三智才让
དབྱར་འགོ་མའི་མཛེས་སྡུག་འཇའ་ཡིས་བཤད།།
རི་མཐོན་པོ་སྨུག་པའི་རྒྱལ་མཚན་རེད།།
རྩྭ་རྩི་ཐོག་གོས་ཀྱི་ཤམ་བུ་རེད།།
ན་མེ་ཏོག་དམར་སེར་བག་རྩི་རེད།།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
དབྱར་འགོ་མའི་མཛེས་སྡུག་ཁུ་ལོས་ལེན།།
ཆར་བསིལ་མ་བག་མ་ངུས་འདྲ་རེད།།
ཆུ་གཙང་བོ་རྒྱབ་དར་དཔྱངས་འདྲ་རེད།།
སེམས་བསམ་པ་ཟིལ་བ་འཁྲུངས་འདྲ་རེད།།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ས་ཁུག་ཆེན་ཁུག་ཆུང་འདོ་རིག་རྟ།།
ལུག་གཡང་དཀར་སྤྲིན་དཀར་ཆད་འདྲ་རེད།།
ནོར་གནག་མོ་གྲིབ་ཆེན་ལྷུང་འདྲ་རེད།
ཡུལ་འདི་ནི་ཀུན་འདུས་ཞལ་ཐང་རེད།།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།
ཞང་ཨ་ཡ་ལིས་ཡེ།