ཆུང་མཐུན་ཟླ་བ་སྒྲོལ་མ།
恋人达哇卓玛
ཚིག་རྩོམ་མཁན། བསོད་ནམས་བསྟན་དགའ།
作词者/索南旦尕
དབྱངས་རྩོམ་མཁན། རྨི་ལམ་ཚེ་རིང་།
作曲者:穆啦才让
ལེན་མཁན། ཨ་སངས།
演唱:阿桑
བརྙན་རིས་ལག་རྩལ་པ། བསོད་ནམས་བསྟན་དགའ།
剪辑:调色:索南旦尕
ང་ཞེ་སེམས་མཐུན་པའི་རོགས་ཤིག་ཡོད།།
ཚིག་མི་འགྱུར་ཟེར་ནས་མནའ་ཚིག་བཞག།
ཚེ་བསྐལ་བའི་མཇུག་གི་འདང་ཅན་ཡིན།།
ངས་ཆུང་མཐུན་ཟླ་བ་སྒྲོལ་མ་དྲན།།
ངའི་བརྩེ་བ། ངའི་དྲན་པ།
ནང་སེམས་པ་གནའ་འདྲེས་ད་འདྲེས་ཡིན།།
གཏམ་མི་ཁའི་ཀློང་ནས་བརྗེད་ཀིན་མེད།།
ལོ་ཟླ་བ་ཟེར་ན་སྐད་ཅིག་ཙམ།།
ཁྱོད་འུ་གཉིས་འཇིག་རྟེན་མགྲོན་པོ་འདྲ།།
འདང་རི་མོ་གཟི་ཁྲ་མིག་དགུ་ཡིན།།
ངའི་ཆུང་མཐུན་ཟླ་བ་སྒྲོལ་མ་ཡིན།།
ངའི་སེམས་ཀྱི། ངའི་དམ་ཚིག
ངའི་མིག་ཆུས་དྲན་པ་ཁྱེད་ཉིད་ཡིན།།
དགུན་ཙག་རླུང་ཁྲོད་ནས་དྲན་གིན་ཡོད།།
ངའི་སེམས་ཀྱི་ཆུང་མཐུན་རྒྱང་རིང་རོགས།།
ཁྱོད་ལུས་ཀྱི་ཤ་དང་ཟུངས་ཁྲག་ཡིན།།
སྲོག་དམར་པོའི་གཏིང་ན་ཟུག་ནས་ཡོད།།
ཁྱོད་ཟེར་ན་སྲོག་གི་ཕྱེད་ཀར་འཇོག།
ངའི་སེམས་ཀྱི། ངའི་སྙིང་སྡུག
ངས་ཁྱོད་ལས་གཞན་ཞིག་བཙལ་འདང་མེད།།
ལས་སྨོན་ལམ་འགྲིག་ན་ཁྱིམ་གཅིག་ཡིན།