作词 : 民间
作曲 : 民间
编曲 : 索朗达吉(女歌手)
བྱ་ལམ་གསུམ།
དམངས་ཁྲོད
གཞས་མ བསོད་ནམས་དར་སྐྱིད
ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་ལམ་འོང་མ་ནས།
དར་དཀར་ཡག་ཅིག་རླུང་གིས་ཁྱེར།
དར་དཀར་མ་རེད་བྱ་ཐང་དཀར་རེད།
ཐང་དཀར་བྲག་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད།
ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་ལམ་བར་མ་ནས།
དར་སྔོན་ཡག་ཅིག་རླུང་གིས་ཁྱེར།
དར་སྔོན་་མ་རེད་བྱ་ཁུ་བྱུག་རེད།
ཁུ་བྱུག་མོན་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད།
ཨ་སྔོན་བྱ་ལམ་གོང་འོག་གསུམ།
ཨ་སྔོན་བྱ་ལམ་འོག་མ་ནས།
དར་སེར་ཡག་ཅིག་རླུང་གིས་ཁྱེར།
དར་སེར་མ་རེད་བྱ་ངང་སེར་རེད།
ངང་སེར་མཚོ་ལ་འཕུར་འགྲོ་རེད།
སྒྲོ་རྩེ་རླུང་གིས་སྐྱོད་འགྲོ་རེད
歌词大意
《天际》
词曲:民间
演唱:索朗达吉
在那遥远的高山上
飘荡着那洁白的经幡
那不是洁白的经幡
而是矫健的雄鹰
羽翼丰满的飞行家
在蓝天下自由翱翔
在那遥远的山谷间
飘荡着绿色的经幡
那不是绿色的经幡
而是美妙的布谷鸟
带着那美妙旋律
飞翔在回家的路上