作词 : 民间
作曲 : 索朗达吉(女歌手)
༄༅།གླུ་ཞིག་ལོངས་དང།
唱起歌儿
ཚིག། དམངས་ཁྲོད
词:民间
མདངས། བསོད་ནམས་དར་སྐྱིད
曲:索朗达吉
གཞས་མ། བསོད་ནམས་དར་སྐྱིད
演唱:索朗达吉
——————————
ཁྲི་ཤོར་རྒྱལ་མོའི་མཚོ་མཐའ་ཞིག་ནས།
青海湖碧绿的湖面上
འཁྱག་རོམ་དར་གྱི་ན་བཟའ་ལྷུང་སོང།
已脱下厚厚的冰衣啊
དབྱར་ཟླ་ཚེས་པའི་རྟེན་འབྲེལ་ལོས་ཡིན།
为迎接温暖的夏日里
གླུ་ཞིག་ལོངས་དང་ངང་བ་གསེར་ལོ།
请海鸥欢快地唱首歌
————————————
ལྷོ་སྤྲིན་ཕྱུག་མོའི་བང་རིམ་གསེབ་ནས།
九重天翻滚的云层里
གཡུ་འབྲུག་སྔོན་མོའི་གསུང་སྙན་གྲགས་སོང།
回响着青龙的歌唱声
སྦྲང་ཆར་འབབ་པའི་རྟེན་འབྲེལ་ལོས་ཡིན།
那定是春雨的好兆头
གླུ་ཞིག་ལོངས་དང་ལྷ་བྱ་ཁུ་ལོ།
请布谷欢快地唱首歌
——————————————
ཤར་ཕྱོགས་གངས་དཀར་གངས་རིའི་རྩེ་ནས།
东方那洁白的雪山上
འོད་ཟེར་སྟོང་ལྡན་ཉི་མ་ཤར་སོང།
升起了灿烂的太阳啊
བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་ལོས་ཡིན
那定是幸福的好兆头
གླུ་ཞིག་ལོངས་དང་གངས་རིའི་བུ་ལོ།
请二郎欢快地唱首歌