作词 : 理塘降央
作曲 : 理塘降央
ཉི་མའི་ལོ་ལོ། - ལི་ཐང་འཇམ་དབྱངས།
ཚིག ལི་ཐང་འཇམ་དབྱངས།/ཨ་བློ།
དབྱངས། ལི་ཐང་འཇམ་དབྱངས།
དབྱངས་སྦྱོར་རྩོམ། ཧི་མ་ལ་ཡ།
སྒྲ་འབེབ། ཧི་མ་ལ་ཡ།
རྒྱུད་དྲུག ཝང་ཧོང་དབྱི།
ཧི་མ་ལ་ཡ།
ཉི་མའི་ལོ་ལོ་འཚོ་བའི་དྲོད་ཀྱི་ཐིགས།།
ས་སྲོད་ཁྲོད་ཀྱི་མགྲོན་པོ་གལ་ཆེན་ཡིན།།
དབྱིངས་ལ་འཐིམ་པའི་རི་མོ་རྩ་ཆེན་ཡིན།།
ཡིད་སེམས་ནང་གི་མཆོད་པའི་ལོ་ལོ་ཡིན།།
ཨོ་་་ཉི་མའི་ལོ་ལོ
ཨོ་་་ཉི་མའི་ལོ་ལོ
ཡིད་སེམས་ནང་གི་མཆོད་པའི་ལོ་ལོ་ཡིན།།
ཡིད་སེམས་ནང་གི་མཆོད་པའི་ལོ་ལོ་ཡིན།།
ཉི་མའི་ལོ་ལོ་འཚོ་བའི་འཛུམ་གྱི་མདངས།།
འབྲི་མར་སེར་པོའི་མར་དཀར་རིལ་བུ་ཡིན།།
འགྱུར་བ་མེད་པའི་བྲག་དཀར་མཐོ་པོ་ཡིན།།
སེམས་པའི་ཟབ་སར་མགུ་བའི་ལོ་ལོ་ཡིན།།
ཨོ་་་ཉི་མའི་ལོ་ལོ
ཨོ་་་ཉི་མའི་ལོ་ལོ
སེམས་པའི་ཟབ་སར་མགུ་བའི་ལོ་ལོ་ཡིན།།
སེམས་པའི་ཟབ་སར་མགུ་བའི་ལོ་ལོ་ཡིན།།
ཉི་མའི་ལོ་ལོ་འཚོ་བའི་ཁ་དོག་དེ།།
དབྱར་གསུམ་མེ་ཏོག་མཐོང་བ་འཛུམ་ཤོར་ཡིན།།
དྲོད་འཇམ་རླུང་བུ་ཞིག་གི་འདུག་རོགས་ཡིན།།
ལྗང་མདོག་གཡུ་ལོའི་ཚལ་གྱི་ལོ་ལོ་ཡིན།།
ཨོ་་་ཉི་མའི་ལོ་ལོ
ཨོ་་་ཉི་མའི་ལོ་ལོ
ལྗང་མདོག་གཡུ་ལོའི་ཚལ་གྱི་ལོ་ལོ་ཡིན།།
ལི་དབྱངས་སེམས་ཀྱི་ཉི་མའི་ལོ་ལོ་ཡིན།།