作词 : 欧彭措
作曲 : 理塘降央
ལི་ཐང་།
ཚིག ༀ་ཕུན་ཚོགས།
དབྱངས། ལི་ཐང་འཇམ་དབྱངས།
ལེན་མཁན། ལི་ཐང་འཇམ་དབྱངས།
࿄࿄࿄
དབྱངས་ཀྱི་ལྷ་མོ་ཉིད་ལ།།
དངོས་གྲུབ་སྩོལ་རོགས་ཞུས་ནས།།
མགུར་གྱིས་གནམ་ས་བཞེངས་པའི།།
མི་ཆེན་ཚངས་དབྱངས་རྒྱ་མཚོ།།
ཚངས་པའི་དབྱངས་དང་འགྲོགས་ནས།།
ཡུལ་འདི་བསྐོར་བ་ཨེ་མ།།
ཚངས་པའི་དབྱངས་དང་འགྲོགས་ནས།།
ཡུལ་འདི་བསྐོར་བ་ཨེ་མ།།
ཁྲུང་ཁྲུང་ལྷོ་བཞུད་ཅིག་ལ།།
གཤོག་རྩལ་གཡར་རོགས་ཞུས་ནས།།
འཛམ་གླིང་གཡས་བསྐོར་བརྒྱབས་པའི།།
སྐྱེས་ཆེན་དམ་པ་གང་ཞིག།
འཁྲུངས་རབས་ཕྲེང་ལྟར་བརྒྱུས་ནས།།
གནས་འདིར་ཕེབས་པ་ཨེ་མ།།
འཁྲུངས་རབས་ཕྲེང་ལྟར་བརྒྱུས་ནས།།
གནས་འདིར་ཕེབས་པ་ཨེ་མ།།
ཨ་ལ་ཡེ་་་་་་ཨེ་མ་ཧོ། ཨ་ལ་ཡེ་་་་་་ཨེ་མ་ཧོ། ཨ་ལ་ཡེ་་་་་བསྐལ་བ་ཡག ཨ་ལ་ཨེ་རྨད་དུ་བྱུང་། ཨ་ལ་ཡེ་རྨད་དུ་བྱུང་།
࿄࿄࿄
དབྱངས་ཀྱི་ལྷ་མོ་ཉིད་ལ།།
དངོས་གྲུབ་སྩོལ་རོགས་ཞུས་ནས།།
མགུར་གྱིས་གནམ་ས་བཞེངས་པའི།།
མི་ཆེན་ཚངས་དབྱངས་རྒྱ་མཚོ།།
ཚངས་པའི་དབྱངས་དང་འགྲོགས་ནས།།
ཡུལ་འདི་བསྐོར་བ་ཨེ་མ།།
ཚངས་པའི་དབྱངས་དང་འགྲོགས་ནས།།
ཡུལ་འདི་བསྐོར་བ་ཨེ་མ།།
ཁྲུང་ཁྲུང་ལྷོ་བཞུད་ཅིག་ལ།།
གཤོག་རྩལ་གཡར་རོགས་ཞུས་ནས།།
འཛམ་གླིང་གཡས་བསྐོར་བརྒྱབས་པའི།།
སྐྱེས་ཆེན་དམ་པ་གང་ཞིག།
འཁྲུངས་རབས་ཕྲེང་ལྟར་བརྒྱུས་ནས།།
གནས་འདིར་ཕེབས་པ་ཨེ་མ།།
འཁྲུངས་རབས་ཕྲེང་ལྟར་བརྒྱུས་ནས།།
གནས་འདིར་ཕེབས་པ་ཨེ་མ།།
ཨ་ལ་ཡེ་་་་་་ཨེ་མ་ཧོ། ཨ་ལ་ཡེ་་་་་་ཨེ་མ་ཧོ། ཨ་ལ་ཡེ་་་་་བསྐལ་བ་ཡག ཨ་ལ་ཨེ་རྨད་དུ་བྱུང་། ཨ་ལ་ཡེ་རྨད་དུ་བྱུང་།