作词 : 嘎玛
作曲 : 蒙古次仁尼玛
ཁ་བཏགས་དཀར་པོ་གངས་ཅན་བོད་ནས་དར།།
དྲང་བདེན་ལྷད་མེད་བོད་མིའི་སེམས་པ་མཚོན།།
ཞྭ་མོ་རྒྱ་སེལ་གངས་ཅན་བོད་ནས་དར།།
བཀྲ་ཤེས་གཡང་ཆགས་བོད་མིའི་ལོངས་སྤྱོད་མཚོན།།
ནམ་འཁྲུག་འཆུད་པ་གངས་ཅན་བོད་ནས་དར།།
བདེ་ལེགས་དཀོན་མཆོག་བོད་མིའི་ལོངས་སྤྱོད་མཚོན།།
ནོར་རྒྱས་པར་ཁྲུག་གངས་ཅན་བོད་ནས་དར།།
ཕུན་གསུམ་ཚོགས་པའི་བོད་མིའི་ལོངས་སྤྱོད་མཚོན།།
བཀྲ་ཤེས་གཡང་ཆགས་ལྷ་དར་དཀར་པོ།།
ཁ་བ་གངས་ཅན་ལྗོངས་སུ་དར་སོང་།
ང་འཚོ་བོད་སྐྱེས་ཕོ་གཞོན་མོ་གཞོན།།
ལྷག་བསམ་སྐྱིད་གངས་ལས་དཀར་བ།།
གངས་ལྗོངས་བཅུ་ཕྲག་རིག་པའི་མཇུག་ན།།
དེ་ནི་ང་འཚོ་མེས་པོའི་་གཟི་བརྗིད།།
ཉམས་པ་སླར་གསོ་གཏོང་ཤིག་
མ་ཉོམས་དགོང་འཕེལ་གཏོང་ཤོགས།
དེ་ནི་ང་འཚོའི་འོས་འགན།།
ཡར་གྱི་ཨ་སྔོན་ནམ་མཁའ་ལ་གཟིགས་དང་།
ཆར་ཆུ་དུས་གསུམ་འབབ་བྱུང་།
མར་གྱི་དོ་མོའི་ས་ལ་གཟིགས་ནས་རྩི་ཤིང་ལོ་འདབས་རྒྱས་སོང་།
ཕར་གྱི་གངས་རི་མཐོན་པོ་ལ་གཟིགས་དང་།
གངས་ཅན་ཡོངས་ལ་ཞི་བདེ་ཡོངས་པའི་བཀྲ་ཤེས་སྨོན་ལམ་བརྒྱབ་ཡོད།།
མཚོན་འཕྲིན་པང་གདན་གངས་ཅན་བོད་ནས་དར།།
མཐུན་རྐྱེན་ཀུན་འཛོམས་བོད་མིའི་ལོངས་སྤྱོད་མཚོན།།
ཁངས་ཆེན་ཡུ་རིངས་གངས་ཅན་བོད་ནས་དར།།
འདོད་དོན་ཀུན་གྲུབ་བོད་མིའི་ལོངས་སྤྱོད་མཚོན།།
གཞན་ཕན་ལྷག་བསམ་ཡོད་ན་ཆོས་པ་ཡིན།།
སེམས་པ་གངས་ཆགས་མེད་ན་ཆོས་པ་ཡིན།།
ནུར་ལ་འཁྱི་བཞིན་ཡོད་ན་ཆོས་པ་ཡིན།།
ཚུལ་འཁྲིམས་ཚུལ་ལྡན་གསུངས་ན་ཆོས་པ་ཡན།།
དགའ་བའི་ཕ་ཡུལ་གངས་ལྗོངས་ཕྱུག་མོ།།
མངའ་རིས་བསྐོར་གསུམ་དབུས་གཙང་རུ་བཞི།།
མདོ་ཁམས་གངས་ཕྲུག
འཁྲི་བསྐོར་བཅུ་གསུམ་ང་འཚོ་བོད་ཀྱི་ཕ་ས།།
ཆུ་བོ་གཡུ་ཡི་སྐེ་རགས་བཅིངས་འདྲ།།
འཛམ་བུ་གླིང་གི་ཡིད་འོང་བྱེད་ས།།
དྭངས་གཙང་ཡན་ལག་བརྒྱད་ལྡན།།
མི་གཙང་འབག་བཙོག་མ་བཟོ།།
དེ་ནི་ང་འཚོའི་འོད་ལས་འགན།།
ཕུ་ཡི་གངས་རི་ཤེལ་གྱི་མཆོད་རྟེན།།
རྒན་རབས་སྐུ་ཚེ་བརྟེན་བརྟགས།།
བར་གྱི་སྤངས་ལྗོངས་གཡུ་ཡི་མེ་ལོང་ན།།
གཞོན་ཤེས་ཡོན་དར་བརྟགས།།
མདོ་ཡི་གཙང་ཆབ་ཉ་སམ་འཁོར་དང་།
མ་དང་བསུ་མོའི་ཟས་གཡང་འཛོམས་བདེ་སྐྱིད་ལྡན་པའི་ཕ་ཡུལ།།