作词 : 嘎玛
作曲 : 嘎玛
མཁའ་དབྱིངས་སུ་ལྡིང་བའི་གླག་རྒོད་དེ།
རྨི་ལམ་ནས་བཞེངས་པའི་ཕོ་བྲང་ཡིན།
རླུང་དམར་གྱི་སྤུ་གྲི་རྣོ་ཞིང་ངར།
འབྲོགཐངགིཕོརབདཔའཞིངརྒོད
ང་ཡི་ཕ་ཡུལ་བྱང་གི་རྩྭ་ཐང་ཡིན།
ང་ཡི་རྒྱབ་རི་དར་ཆ་ལྷ་མོ་ཡིན།
ང་ཡི་ཕ་ཡུལ་བྱང་གི་རྩྭ་ཐང་ཡིན།
ང་ཡི་རྒྱབ་རི་དར་ཆ་ལྷ་མོ་ཡིན།
དར་ཆ་ལྷ་མོ། ཡིད་འོང་མཛངས་མའི་ཞལ་རས་བུ་ངའི་མཐོང་མྱོང་ལར་ནས་མེད་ཀྱང་།
ལོ་ཟླ་ཡུན་རིང་རྩྭ་ཐང་སྟེང་ནས་འཚོ་ཞིང་བཞེས་པའི་ཡུལ་འབངས་ལ།
ཆར་ཆུ་དུས་སུ་བབ་ལ་ནད་དང་མུ་གེའི་སྡུག་སྔལ་མེད་པའི་དངོས་གྲུབ་གནང་ཤོག་ཨ།
ད་ནས། ཡུལ་གྱི་འབྱོར་ཕྱུག་མི་ཡི་བསོད་ནམས་དར་ཆ་ལྷ་མོ་ཁྱེད་ཀྱིས་བྱམས་དང་བརྩེ་བའི་ཕྱག་ཟུང་ལས།
ནག་ཆུ་སྡེ་བའི་དབྱར་དགུན་སྟོན་དཔྱིད་དུས་ཀུན་བདེ་བདེ་སྤྲོ་སྤྲོ་སྐྱིད་སྐྱིད་དགའ་དགའ་ཡོང་བའི་བཀྲི་ཤིས་གཡང་གི་སྒོ་མོ་ཕྱེ་རོགས་གནང་།
རྣོ་ལྕགས་ཨར་འདམས་བཙན་པོའི་ཁང་བཟང་སྟུག།
འཁོད་ཡངས་གཞུང་ལམ་པ་ཊའི་རིས་ལྟར་མཛེས།
རྟ་ནོར་ར་ལུག་ཕྱུགས་ཀྱི་བསྟན་པ་དར།
རླངས་འཁོར་ཆེ་ཆུང་ནམ་མཁའི་སྐར་ཚོགས་འདྲ།
དེང་སང་། ཡུལ་ལུང་ས་ཕྱོགས་ཀུན་ལ་ཚན་རིག་སློབ་གསོའི་ཉི་གཞོན་ཤར་བའི་སྐལ་བཟང་འདི་ལ།
ཡུལ་དང་འབངས་ཀྱི་སྔོན་ཐོན་ལམ་བུ་སུ་ཡིས་གནང་ངམ་སུ་ཡིས་འབད།
དར་ཆ་ལྷ་མོའི་མ་བྲིས་ལྷ་ལས་མཛེས་པའི་ཞལ་རས་དཀར་དམར་མདངས་ལྡན་སུ་ཡིས་མཐོང་ངམ་སུ་ཡིས་བྲིས།
དར་ཆ་ལྷ་མོ། རྨི་ལམ་རིང་མོའི་ལོ་ཟླའི་བར་ནས་བཞད་པའི་སེར་ཆེན་མེ་ཏོག་ཞིག།
བརྩེ་བ་ཟབ་མོའི་སྦུབ་ནས་འཁྲུངས་པའི་དུང་བའི་བཟི་ཁ་ངར་མོ་ཅིག།
རྩྭ་ཐང་གཞོན་ནུའི་ལ་གླུའི་དབྱངས་ནས་གཏམས་པའི་ལྷ་མོ་བྱིན་རླབས་ཅན།
མཁའ་དབྱིངས་སུ་ལྡིང་བའི་གླག་རྒོད་དེ།
རྨི་ལམ་ནས་བཞེངས་པའི་ཕོ་བྲང་ཡིན།
རླུང་དམར་གྱི་སྤུ་གྲི་རྣོ་ཞིང་ངར།
འབྲོགཐངགིཕོརབདཔའཞིངརྒོད
ང་ཡི་ཕ་ཡུལ་བྱང་གི་རྩྭ་ཐང་ཡིན།
ང་ཡི་རྒྱབ་རི་དར་ཆ་ལྷ་མོ་ཡིན།
ང་ཡི་ཕ་ཡུལ་བྱང་གི་རྩྭ་ཐང་ཡིན།
ང་ཡི་རྒྱབ་རི་དར་ཆ་ལྷ་མོ་ཡིན།
རྣོ་ལྕགས་ཨར་འདམས་བཙན་པོའི་ཁང་བཟང་སྟུག།
འཁོད་ཡངས་གཞུང་ལམ་པ་ཊའི་རིས་ལྟར་མཛེས།
རྟ་ནོར་ར་ལུག་ཕྱུགས་ཀྱི་བསྟན་པ་དར།
རླངས་འཁོར་ཆེ་ཆུང་ནམ་མཁའི་སྐར་ཚོགས་འདྲ།
དེང་སང་། ཡུལ་ལུང་ས་ཕྱོགས་ཀུན་ལ་ཚན་རིག་སློབ་གསོའི་ཉི་གཞོན་ཤར་བའི་སྐལ་བཟང་འདི་ལ།
ཡུལ་དང་འབངས་ཀྱི་སྔོན་ཐོན་ལམ་བུ་སུ་ཡིས་གནང་ངམ་སུ་ཡིས་འབད།
དར་ཆ་ལྷ་མོའི་མ་བྲིས་ལྷ་ལས་མཛེས་པའི་ཞལ་རས་དཀར་དམར་མདངས་ལྡན་སུ་ཡིས་མཐོང་ངམ་སུ་ཡིས་བྲིས།
དར་ཆ་ལྷ་མོ། རྨི་ལམ་རིང་མོའི་ལོ་ཟླའི་བར་ནས་བཞད་པའི་སེར་ཆེན་མེ་ཏོག་ཞིག།
བརྩེ་བ་ཟབ་མོའི་སྦུབ་ནས་འཁྲུངས་པའི་དུང་བའི་བཟི་ཁ་ངར་མོ་ཅིག།
རྩྭ་ཐང་གཞོན་ནུའི་ལ་གླུའི་དབྱངས་ནས་གཏམས་པའི་ལྷ་མོ་བྱིན་རླབས་ཅན།
ང་ཡིས་སེམས་ནང་གིས་དར་ཆ་ལྷ་མོ་ཡིན།