作曲 : 三智才让
编曲 : 三智文化传媒-王冬东
ཕ་ཡུལ་ཉི་ཟླའི་དཀྱིལ་འཁོར། །
དཀྱིལ་འཁོར་གངས་ཅན་ཁ་བ། །
རྒྱུ་འབྲས་ཅན་གྱི་མི་ལ། །
ཉི་ཟླའི་པང་ན་སྐྱེས་ཡོད། །
འདི་ནི་ཚེ་རབས་སྔོན་མས། །
གསོལ་བ་བཏབ་པའི་མཐུ་རེད། །
ད་ནས་ཚེ་རབས་ཀུན་ཏུ། །
ཡང་ཡང་སྐྱེ་བའི་སྨོན་ལམ། །
ད་ནས་ཚེ་རབས་ཀུན་ཏུ། །
ཡང་ཡང་སྐྱེ་བའི་སྨོན་ལམ། །
ཕ་ཡུལ་གངས་རིའི་ར་བ། །
གངས་རི་ཆུ་ཡི་མཆོད་རྟེན། །
བསོད་ནམས་ཅན་གྱི་མི་ལ། །
ཆུ་ལྷས་དངོས་གྲུབ་བསྩལ་ཡོད། །
འདི་ནི་སྐྱེ་བ་སྔོན་མས། །
དགེ་བ་བསྒྲུབ་པའི་ལས་རེད། །
ད་ནས་སྐྱེ་བ་ཀུན་ཏུ། །
དགེ་བའི་ལས་འབྲས་སྨིན་རོགས། །
ད་ནས་སྐྱེ་བ་ཀུན་ཏུ། །
དགེ་བའི་ལས་འབྲས་སྨིན་རོགས། །
བདེ་བ་ཅན་གྱི་ཞིང་ཁམས། །
བྱིན་ཆགས་གངས་ཀྱི་ལུང་པ། །
ཆོས་སྐལ་ཅན་གྱི་མི་ལ། །
སྙིང་རྗེའི་སེམས་པ་འཁྲུངས་ཡོད། །
འདི་ནི་མི་རབས་ཕྲེང་བར། །
དད་པ་ཡོད་པའི་སྟོབས་རེད། །
བསོད་ནམས་ཆོས་ཀྱི་རྔ་སྒྲ། །
ཡང་ཡང་གོ་བའི་སྨོན་ལམ། །
བསོད་ནམས་ཆོས་ཀྱི་རྔ་སྒྲ། །
ཡང་ཡང་གོ་བའི་སྨོན་ལམ། །
翻译 : 贝尔斯
吉他 : 王冬东
录音 : 三智文化传媒-萍子
混音 : 三智文化传媒-萍子
音乐总监 : 三智才让