作词 : 罗布桑珠
作曲 : 罗布桑珠
编曲 : 旦旦
制作人 : 旦旦
吉他 : 旦旦
录音 : 尚左(Radio Box)阿牛
混音/母带处理 : D&M Records
དྲོ་སྐྱིད་ལྡན་པའི་ས་གཞི་དེར་ཁྱེད་དང་འཕྲད་པའི་ལས་དབང་།
མཛེས་པའི་ལང་ཚོའི་དུས་ནས་ད་ལྟ་ཡི་བར་དུ་དང་།
དྲོ་སྐྱིད་ལྡན་པའི་འཛུམ་མདངས་འོག་ང་ཚོ་འཕྲད་པའི་དུས་ལ།
སྐྱིད་སྡུག་མཉམ་མྱོང་བྱས་པའི་དུས་ལ་བསྟོད་གླུ་ལེན།
ཁྱེད་ང་ཡི་འཚོ་བར་རྒྱབ་སྐྱོར་དང་།
ང་ཡི་ལམ་བུར་རོགས་རམ་བཅས།
ང་ཡི་སྙིང་ནས་ཐུགས་ཆེ་ཞུ།
རང་གཞན་དང་སྤུ་ཙམ་མེད་པའི་དྭངས་གཙང་གི་བརྩེ་བ་དེ།
དྲོ་སྐྱིད་དང་དགོད་སྒྲས་ཁེངས་པའི་ང་ཚོའི་བར་གྱི་སྒྲུང་།
བློ་ཕམ་དང་སེམས་ཤུགས་ཆག་པའི་དུས་ཚོད་ཡོད་ན་ཡང་།
ང་ཚོ་ཡི་འཛུམ་མདངས་འོག་ནས་གླུ་གཞས་འདི་ལེན་ནས་མུ་མཐུད་བསྐྱོད།
དྲོ་སྐྱིད་ལྡན་པའི་འཛུམ་མདངས་བཞད་པའི་མཛེས་པའི་ལང་ཚོ།
གླུ་དབྱངས་ཀྱི་འགྱུར་ཁུག་སྙན་པས་ང་ཚོ་འཕྲད་པས་ལས་དབང་།
ད་བར་དུ་བཅངས་པའི་དྭངས་གཙང་གི་ལྷད་མེད་བརྩེ་བ་དེ་ཚོ་།
ང་ཡིས་ཁྱེད་ཚོར་ཕུལ་བའི་སེམས་ཀྱི་ཕྱག་རྟགས་ཡིན།
ད་ཆ་ཁྱེད་རྣམས་ཕྲུ་གུ་ཡི་ཕ་དང་མ་ཡང་ཆགས་ཟིན།
ཕལ་ཆེར་ང་ཚོའི་བར་གྱི་བར་ཐག་དེ་བྲལ་ན་ཡང་།
ད་ཆ་ཁྱེད་རྣམས་ཁྱིམ་ཚང་འོག་འབད་བརྩོན་ལྷོད་མེད་བྱེད་པའི།
འོན་ཀྱང་ང་ཚོའི་བར་གྱི་བརྩེ་བ་དེ་བརྗེད་མི་སྲིད།
འཆི་བ་ནི་སྐྱེ་བའི་མཐའ་མ་ཡིན།
ལྷན་འཛོམས་བྲལ་བའི་དུས་ཤར་ངེས།
མཛེས་པའི་གླུ་དེ་སེམས་གཏིང་ངེས།
རང་གཞན་དང་སྤུ་ཙམ་མེད་པའི་དྭངས་གཙང་གི་བརྩེ་བ་དེ།
དྲོ་སྐྱིད་དང་དགོད་སྒྲས་ཁེངས་པས་ང་ཚོའི་བར་གྱི་སྒྲུང་།
བློ་ཕམ་དང་སེམས་ཤུགས་ཆག་པའི་དུས་ཚོད་ཡོད་ན་ཡང་།
ང་ཚོ་ཡི་འཛུམ་མདངས་འོག་ནས་གླུ་གཞས་འདི་ལེན་ནས་མུ་མཐུད་བསྐྱོད།
ཆར་སིམ་བབས་པའི་རྗེས་ལ་མཛེས་པའི་འཇའ་ཚོན་ཤར་བྱུང་།
གངས་ལྗོངས་རྨི་ལམ་ང་ཚོ་མཉམ་དུ་ལེན།
སེམས་ཀྱི་ལྷ་མོ་ཁྱེད་ལ་སྙན་པའི་བསྟོད་གླུ་འབུལ་ཡོད།
སྙན་འཇེབས་ཀྱི་འགྱུར་ཁུག་ལྡན་པའི་གླུ་དེ་ཚོ་ང་ཚོའི་རྗེས་དྲན་ཡིན།
ལ་་་་་་། ལ་་་་་་།
ལ་་་་་་། ལ་་་་་་།
出品:西藏晴萨文化传媒有限公司