作词 : 民间
作曲 : 民间
编曲 : 谢尔巴
࿄࿄࿄
ཤར་སྤྲིན་ཤར་ལ་མ་འགྲིལ།།
ནུབ་སྤྲིན་ནུབ་ལ་མ་འགྲིལ།།
དེ་རིང་བཞུགས་གྲལ་སྒོར་མོ།།
མཇའ་དང་འོད་ཀྱི་ཁེངས་སོང་།།
དེ་རིང་བཞུགས་གྲལ་སྒོར་མོ།།
མཇའ་དང་འོད་ཀྱི་ཁེངས་སོང་།།
ཕ་མ་བཟང་པོའི་བུ་ཕྲུག
དགེ་རྒན་བཟང་པོའི་དགེ་ཕྲུག
བདག་ཚོ་གཙང་པའི་ཨོ་ལོ།
ཡར་ཤོག་ཡར་ཕེབས་གསུང་བྱུང་།
བདག་ཚོ་གཙང་པའི་ཨོ་ལོ།
ཡར་ཤོག་ཡར་ཕེབས་གསུང་བྱུང་།
࿄࿄࿄
དགའ་བའི་ཡུལ་དུ་འཛོམས་བྱུང་།།
བཞུགས་གྲལ་ཕ་མ་སྤུན་མཆེད།།
སྐྱིད་པའི་རྩ་བ་ཚུགས་སོང་།།
གསུམ་སྒྲོན་མཉེས་ཐག་གནང་དང་།།
སྐྱིད་པའི་རྩ་བ་ཚུགས་སོང་།།
གསུམ་སྒྲོན་མཉེས་ཐག་གནང་དང་།།
གླུ་གཅིག་བཏང་ཡོད་བདག་རས་བཏང་ཡོད།།
ལགས་སོ་བཞུས་པའི་བཏང་ཡོད།།
གླུ་ལ་ནོར་འཁྲུལ་ཡོད་ན།།
བཞུགས་གྲལ་དགོངས་པ་མ་ཚོམས།།
གླུ་ལ་ནོར་འཁྲུལ་ཡོད་ན།།
བཞུགས་གྲལ་དགོངས་པ་མ་ཚོམས།།
གླུ་ལ་ནོར་འཁྲུལ་ཡོད་ན།།
བཞུགས་གྲལ་དགོངས་པ་མ་ཚོམས།།