作词 : 叶西杰
作曲 : 才姆措
བོད་པའི་བུ་མོ། ཉི་ཟླའི་སྲས་མོ།
ཉི་མ་ཁྱེད་ཡིན། ཟླ་བ་ཁྱེད་ཡིན།
ཉི་མའི་གླུ་སྐད་སིང་སིང་།
ཟླ་བའི་གར་སྟབས་ཤིག་ཤིག
བོད་པའི་བུ་མོ། ཉི་ཟླའི་སྲས་མོ།
སྲིད་པའི་རྩེ་ནས་ལམ་ལ་ཆས།
གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་།
བོད་པའི་བུ་མོ། ཉི་ཟླའི་སྲས་མོ།
སྲིད་པའི་རྩེ་ནས་ལམ་ལ་ཆས།
གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་།
བོད་པའི་བུ་མོ། ཉི་ཟླའི་སྲས་མོ།
མེ་ཏོག་ཁྱེད་ཡིན། གཙང་པོ་ཁྱེད་ཡིན།
མེ་ཏོག་འཛུམ་རིས་ཤིག་ཤིག
གཙང་བའི་གླུ་སྐད་སིང་སིང་།
བོད་པའི་བུ་མོ། གཡང་གི་བུ་མོ།
སྲིད་པའི་རྩེ་ནས་ལམ་ལ་ཆས།
སེམས་པ་དཀར་ཞིང་སྤྱོད་པ་གཙང་།
བོད་པའི་བུ་མོ། གཡང་གི་བུ་མོ།
སྲིད་པའི་རྩེ་ནས་ལམ་ལ་ཆས།
སེམས་པ་དཀར་ཞིང་སྤྱོད་པ་གཙང་།
བོད་པའི་བུ་མོ། ཉི་ཟླའི་སྲས་མོ།
སྲིད་པའི་རྩེ་ནས་ལམ་ལ་ཆས།
གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང་།
སེམས་པ་དཀར་ཞིང་སྤྱོད་པ་གཙང་།