作词 : 天杵
作曲 : 天杵
编曲 : 天杵
ཚིག གདངས། གནམ་ལྕགས་རོལ་ཚོགས།
录音、混音:雅尔甘(小王)
ལོ་མང་པོའི་གོང་གི་ཉིན་མོ་དེ་ང་ཡི་སེམས་ནང་དྲན།
ཁྱེད་ཀྱི་ཞལ་རས་སྟེང་གི་འཛུམ་མདངས་དེ་ཡིད་ལ་དྲན།
ལས་དང་སྐལ་བས་དེད་ནས་ང་གཉིས་ཚེ་འདིར་མཉམ་དུ་འཕྲད།
ཁ་རྗེ་དབང་ཐང་མེད་ཀྱང་ཁྱིམ་ཚང་གཅིག་ནང་འཚར།
འོན་ཀྱང་ད་ཆ་ཁྱེད་ཀྱི་ཞལ་རས་དེ་ནི།
མཚན་མོའི་ནང་གི་རྨི་ལམ།
ཆུ་མོའི་ནང་གི་ཟླ་བ་ནང་བཞིན།
ལས་ཀྱི་ཐག་པ་དེ་ཡང་སྙིང་སུ་ཡི་བཅད་པ་རེད།
ཆུ་བོའི་འགྲམ་དུ་བཙུགས་པའི་རླུང་རྟ་དེ་ཚོ།
དྲག་ཆར་རླུང་བུས་བཅད་སོང་།
རྒྱུག་པའི་ཆུ་ཡི་འཁྱེར་སོང་།
ཁྱེད་ཀྱི་ཞལ་རས་དེ་ང་ཡི་ནམ་ཡང་བརྗེད་མི་སྲིད།
ད་ཆ་ལོ་མང་རྗེས་ལ་ཡང་ཉིན་མོ་དེ་ང་ཡི་སེམས་ནང་དྲན།
སེམས་ནང་སྡུག་བསྔལ་ཡོད་ཀྱང་གླུ་ཆུང་དེ་ཁྱེད་ལ་ལེན།
རླུང་བུ་སིལ་སིལ།
ཉི་འོད་དེ་དྲོ་ཞིང་འཇམ་པ་ལ།
སེམས་ཀྱི་སྡུག་བསྔལ་དེ་ནམ་ཡང་བརྗེད་མི་སྲིད།
འོན་ཀྱང་ད་ཆ་ཁྱེད་ཀྱི་ཞལ་རས་དེ་ནི།
མཚན་མོའི་ནང་གི་རྨི་ལམ།
ཆུ་མོའི་ནང་གི་ཟླ་བ་ནང་བཞིན།
ལས་ཀྱི་ཐག་པ་དེ་ཡང་སྙིང་སུ་ཡི་བཅད་པ་རེད།
ཆུ་བོའི་འགྲམ་དུ་བཙུགས་པའི་རླུང་རྟ་དེ་ཚོ།
དྲག་ཆར་རླུང་བུས་བཅད་སོང་།
རྒྱུག་པའི་ཆུ་ཡི་འཁྱེར་སོང་།
ཁྱེད་ཀྱི་ཞལ་རས་དེ་ང་ཡི་ནམ་ཡང་བརྗེད་མི་སྲིད།