作词 : 巴·弄照
作曲 : 仁青闹日
ཁྱོད་དང་མཇལ་བའི་ལོ་དང་ཟླ་བ།།
ད་ལྟ་བསམ་ན་སྐད་ཅིག་བདེ་བ།།
ཁྱོད་དང་བྲལ་ཁའི་དུས་ཚོད་སྐར་ཆ།།
གྲོགས་མེད་སེམས་འདིས་བཟོད་ཐབས་མི་འདུག།།
གློ་བུར་བཞག་པའི་གྱེས་ཕྱག་རྩུབ་མོས།།
བརྩེ་བའི་སྙིང་ཆུང་དུམ་བུར་བརྒྱབ་པས།།
མ་དག་སེམས་ཀྱི་ན་ཟུག་ཟབ་མོ།།
ཤ་དང་རུས་པའི་གཏིང་ལ་ཁྱབ་ཐ།།
སོ་སོར་གྱེས་ནས་རྒྱང་ལ་འགྲོ་དུས།།
ངའི་ཀྱང་ཁྱོད་རང་བརྗེད་ཐབས་མེད་པས།།
ནམ་ཞིག་སླར་ཡང་ཐུག་མིན་མི་ཤེས།།
ཡིན་ཡང་སེམས་ནས་བོར་ཐབས་མི་འདུག།
ང་དང་ཁྱོད་ཀྱི་བརྩེ་བ་འདི་ལ།།
ལས་དབང་རྒྱལ་མོའི་བཀོད་བསྒྲིག་བཙན་སོང་།།
ཚལ་བུར་གཤེགས་པའི་དམར་པོ་སེམས་འདིས།།
འཇིག་རྟེན་བདེ་བའི་སྣང་བ་བོར་སོང་།།
འཇིག་རྟེན་བདེ་བའི་སྣང་བ་བོར་སོང་།།