作词 : 谢尔卓
作曲 : 三佰东主
ཆུང་འདྲིས་རོགས།
ཚིག ཤེར་སྒྲོན།
དབྱངས། བསམ་པའི་དོན་འགྲུབ།
ལེན་མཁན། རྟ་མགྲིན་འབུམ།
ལུས་ལ་པགས་རྩག་འཇམ་པོ་གྱོན་ཡོད།
མིག་ལ་གྲུང་ཤ་དོད་པོས་བརྒྱན་ཡོད།
ཆུང་འདྲིས་དྲན་དང་མ་དྲན་མ་འདྲི།
སེམས་སོང་གི་མི།
དྲན་པ་ཡི་གེར་བྲིས་ནས་བུད་ཡོང་།
སེམས་སོང་གི་རོགས།
སེམས་སོང་གི་རོགས།
ཞེ་འདྲིས་ཆུང་འདྲིས་རོགས་ཡིན།
ཨ་ལ་སེ། ཨོ་ལ་སེ།
འདང་བརྩེ་དེང་མའི་དེ་ཡིན།
ཨ་ལ་སེ་རོགས།
སྐྱིད་སྡུག་གཏམ་རྒྱུད་རིང་མོའི་ཁྲོད་ནས།
ཡིད་མཐུན་རོགས་དེ་སྙིང་གི་དྲོད་ཡིན།
ཨེ་བདེན་མི་བདེན་སུ་ལ་མ་འདྲི།
སེམས་སོང་གི་མི།
ཆུང་དུས་མནའ་ཚིག་ད་རུང་བསྲུང་ཡོད།
སེམས་སོང་གི་རོགས།
སེམས་སོང་གི་རོགས།
ཞེ་འདྲིས་ཆུང་འདྲིས་རོགས་ཡིན།
ཨ་ལ་སེ། ཨོ་ལ་སེ།
འདང་བརྩེ་དེང་མའི་དེ་ཡིན།
ཨ་ལ་སེ་རོགས།
འཁོར་བའི་ལ་ཐང་སྨུག་པའི་གཡོག་རུང་།
བརྩེ་བའི་ལག་ཟུང་ཁྱེད་ལ་བསྲིངས་ཡོད།
ལས་ཀྱི་བྱང་ཐང་མེ་ཏོག་དཀྱིལ་ནས།
སེམས་སོང་གི་མི།
སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་བྱས་ཆོག
སེམས་སོང་གི་རོགས།
སེམས་སོང་གི་རོགས།
ཞེ་འདྲིས་ཆུང་འདྲིས་རོགས་ཡིན།
ཨ་ལ་སེ། ཨོ་ལ་སེ།
འདང་བརྩེ་དེང་མའི་དེ་ཡིན།
ཨ་ལ་སེ་རོགས།
ཞེ་འདྲིས་ཆུང་འདྲིས་རོགས་ཡིན།
ཨ་ལ་སེ། ཨོ་ལ་སེ།
འདང་བརྩེ་དེང་མའི་དེ་ཡིན།
ཨ་ལ་སེ་རོགས།
གཞས་ཚིག་སྒྲིག་བཟོ། སྐྱོ་སྐྱོ།